IMAGE-2

༄༅། །རྗེ་བཙུན་དཔལ་ལྡན་བླ་མ་དམ་པ་རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་མཐུ་སྟོབས་མགོན་པོ་མཆོག་དང་སྐལ་བཟང་གི་མཇལ་འཕྲད་བརྗེད་དུ་མེད་པ་ཞིག་བྱུང་བའི་བཀའ་དྲིན་རྗེས་དྲན་མཚོན་བྱེད་ཅིག  །

ཌོག་ཊར་ཀ་ཝེ་རི་གིལ།

སྔ་ལོའི་ཕྱི་ཟླ་  པའི་འགོ་སྟོད་གཟའ་སྤེན་པ་ཞིག་གི་ཕྱི་དྲོ་ཞིག་སྟེ་ཕྲན་ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་སློབ་སྤྱིའི་འགན་ཁུར་བཟུང་ནས་ལས་ཡུན་ཟླ་ཤས་སོང་མཚམས་དེར་བཞུགས་སྒར་རྡ་རམ་ས་ལ་ནས་བླ་སྨན་པ་ཚེ་བརྟན་ལགས་ཀྱིས་ཞལ་པར་ཞིག་འབྱོར།  དེ་ཡང་གུས་བཀུར་འཚམས་འདྲི་མཚོན་བྱེད་གཅིག་དང་། དོན་ལ་མཐོ་སློབ་ནས་སྐུ་ན་མཐོན་པོར་ཕེབས་ཤིང་སྐུ་ཁམས་མི་བདེ་བའི་མཁན་ཟུར་ཆེས་བགྲེས་པ་ཞིག་ལ་མཐོ་སློབ་ཏུ་བཞུགས་རྒྱུའི་སྣེ་ལེན་ཐུབ་མིན་ཐད་ཡིན་འདུག མཁན་ཟུར་རིན་པོ་ཆེ་ཁོང་ཡང་༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་བྷེང་ལོར་བོད་ཀྱི་སྨན་རྩིས་ཁང་ནས་བོད་སྨན་རང་བསྟེན་གཏུགས་དགོས་པར་བཀའ་དགོངས་ཕེབས་དོན་བཞིན་བྷེང་ལོར་ལག་ཤི་མི་ན་གར་དུ་སྨན་པ་རྡོ་རྗེ་རབ་བརྟན་ལགས་ལ་བསྟེན་གཏུགས་གནང་བ་ཕེབས་པ་ཞིག་རེད་འདུག  །ངས་འདི་ནི་རང་ཅག་ཚང་མར་ཆེས་སྐལ་བཟང་ཡིན་པར་ལན་འདེབས་བགྱིས་འཕྲལ། བླ་སྨན་པ་ཚེ་བརྟན་ལགས་དང་ང་གཉིས་འབྲས་སྤུངས་བློ་གསལ་གླིང་༧སྐྱབས་རྗེ་རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་མཐུ་སྟོབས་མགོན་པོ་མཆོག་མཐོ་སློབ་ཏུ་ཆིབས་བསྒྱུར་གོ་སྒྲིག་ཐད་གྲོས་བྱས་ལ།  ཁོང་གིས་ངའི་ཁ་པར་ཨང་གྲངས་མཁན་ཟུར་རིན་པོ་ཆེའི་ཞབས་ཕྱི་ཨིན་སྐད་ཤེས་མཁན་ཞིག་ལ་གནང་རྒྱུའི་ཞལ་བཞེས་ཀྱང་གནང་།    

ཁ་པར་ཐོག་བཀའ་མོལ་གྲུབ་མ་ཐག་བདག་མཐོ་སློབ་ཀྱི་ཉེར་སྤྱོད་ཟ་ཁང་དུ་བསྐྱོད་དེ་ལས་བྱེད་རྣམ་པར་མཐོ་སློབ་ཀྱི་གལ་ཆེ་མི་སྣའི་བཞུགས་ཤག་གྲ་སྒྲིག་འགོ་རྩོམ་དགོས་པའི་རེ་བསྐུལ་བྱས།  མཐོ་སློབ་ནས་ཕྲན་རང་གི་སློབ་སྤྱི་ལས་ཡུན་རིང་ཏོག་དབྱིབས་ནད་ཡམས་ཀྱི་རྐྱེན་པས་མཐོ་སློབ་ཏུ་བླ་མ་ཆེ་ཁག་སོགས་གདན་ཞུ་སྣེ་ལེན་བྱ་རྒྱུ་མི་ཡོང་བར་བསམས་པར་བརྟེན་མི་སྣ་གལ་ཆེའི་བཞུགས་ཤག་གཅིག་བདག་ལ་གནང་ཡང་བདག་ནས་གོང་སྨོས་རྩ་ཆེའི་བླ་མ་རྣམས་ཀྱིས་བེད་སྤྱོད་གནང་བའི་བཞུགས་ཤག་ཏུ་སྡོད་རྒྱུ་ནི་བདེ་པོ་གཏན་ནས་མ་བྱུང་།    འོན་ཀྱང་ཕྲན་རང་སླེབས་ནས་ཟླ་ཤས་ཙམ་ལས་མ་སོང་བར་ང་ཚོས་དེ་འདྲའི་རྩ་ཆེན་བླ་མ་ཞིག་ལ་ཕེབས་བསུ་དང་བཅས་བཞུགས་ཡུལ་གྲ་སྒྲིག་བྱེད་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ།   ཡིན་ཡང་ད་དུང་དངོས་གནས་ཕྲན་རང་ནས་ཅི་འདྲ་ཞིག་ཡོང་མིན་སྔོན་ལ་ཚོད་དཔག་མ་ཤེས་ཤིང་།  རྗེས་སུ་ཅི་ཡོང་དངོས་གནས་དཔོག་ཐུབ་པ་ཞིག་ཡོང་གི་མི་འདུག    ཁོང་གི་ཞབས་ཕྱི་ཨིན་ཇི་ཤེས་མཁན་རྒན་འཇམ་དཔལ་འཕྲིན་ལས་ལགས་དང་ང་གཉིས་ཁ་པར་ཐོག་སྐད་ཆ་ལྷུག་པོར་བྱུང་ཞིང་།  ཁོང་ལ་ངས་བཞུགས་ཤག་གཟའ་ཟླ་བར་གྲ་སྒྲིག་ཡོང་བར་བརྟེན་ཞབས་ཕྱི་འགའ་དེ་ཉིན་མཐོ་སློབ་ཏུ་ཕེབས་ནས་བཞུགས་ཤག་རྟོག་ཞིབ་ཀྱིས་མཁན་ཟུར་རིན་པོ་ཆེར་འགྲིག་མིན་གཟིགས་ནས་སྙན་གསན་ཞུས།  འོན་ཀྱང་ཁོང་གིསགཟའ་ཟླ་བའི་ཕྱི་ཉིན་ཚེས་བཟང་གི་ཉིན་མོ་ཡིན་པར་བརྟེན་ཞབས་ཕྱི་རྣམས་ཀྱང་མཁན་ཟུར་རིན་པོ་ཆེ་མཆོག་དང་ལྷན་དུ་ཉིན་དེ་རང་ལ་ཡོང་གི་ཡིན་གསུངས།  རྗེས་སོར་ཞབས་ཕྱི་བ་རྣམས་ལས་ཤེས་རྟོགས་བྱུང་བ་ལ་ཁོང་རྣམ་པས་རིན་པོ་ཆེ་ལ་བཞུགས་ཤག་རྟོག་ཞིབ་འགྲོ་འཆར་ཞུས་ཀྱང་རིན་པོ་ཆེས་དེ་མ་ཉིད་དུ་མཐོ་སློབ་ཀྱིས་ཐབས་ཤེས་གང་ལེགས་གནང་བ་དེ་ག་རང་འགྲིགས་པས་རྟོག་ཞིབ་ཆེད་འགྲོ་མི་དགོས་གསུངས་འདུག །བདུན་ཕྲག་དུ་མར་རྒྱུན་ཆད་མེད་པའི་ཆར་པའི་རྗེས་ཀྱི་དྭངས་གསལ་གྱི་ཉིན་མོ་ཞིག་སྟེ་ཕྱི་ཟླ་ ༡༠ ཚེས་   ལ་ང་ཚོས་ལག་ཏུ་རྟེན་འབྲེལ་ཁ་བཏགས་ཐོགས་ཏེ་ཕྲན་རང་གི་ཉེ་འཁྲིས་སུ་ཡོད་པའི་མི་སྣ་གལ་ཆེའི་བཞུགས་ཤག་སྟེ་མཐོ་སློབ་ལས་སྣེ་ནང་མི་ལས་ཤག་ཕྱོགས་སུ་རིན་པོ་ཆེ་ཕེབས་སྒུག་བྱས། དེ་ལ་རིན་པོ་ཆེ་ནི་ཇི་སྲིད་དེར་བཞུགས་བར་དུ་ཕྲན་རང་གི་ཐག་ཉེ་ཤོས་ཀྱི་ཁྱིམ་མཚེས་སུ་འགྱུར་བར་ངེས།  ཉིན་གུང་ཙམ་ཞིག་ལ་སྨན་རྩིས་ཁང་གི་རླངས་འཁོར་ནང་དུ་མཐོ་སློབ་ཏུ་ཕེབས་ཤིང་།བོད་ཀྱི་སྲོལ་རྒྱུན་དུ་མདུན་ངོས་སུ་བླ་མ་རྩ་ཆེན་སོགས་བཞུགས་སྲོལ་ཡོད་པ་ལྟར་དེར་སྤྱན་ཤེལ་བནམས་ཤིང་འཛུམ་དམུལ་ཅན་གྱི་བླ་མ་ཞིག་བཞུགས་འདུག  །རླངས་འཁོར་ནང་ནས་སྐུ་གཟུགས་དྲང་ཞིང་རིང་བ་སྐུ་གཟུགས་སྐྱོ་པོ་ཆགས་ཟིན་ཡང་བརྗིད་ཉམས་ཅན་མི་ཀུན་གྱིས་གུས་བཀུར་དབང་མེད་དུ་བསྡུ་བ་ཞིག་ཕྱིར་ཕེབས་བྱུང་།  ཁོང་གི་ཞབས་ཕྱི་གསུམ་སྟེ་ཁོང་གི་གྲིབ་མ་ལྟར་འབྲལ་མེད་ཀྱི་དགེ་བཤེས་རྒྱལ་བསྟན་བཟང་པོ་ལགས་ཀྱིས་ཕྲན་གྱིས་སྔར་རྣམ་ཐར་ཁག་ཏུ་བཀླགས་པའི་དངོས་གནས་རྣམས་དངོས་མཐོང་རྗེན་སོན་བྱས་པ་མ་ཟད་ཚ་བོ་ཞིག་ཡིན་ཡང་དོན་དངོས་ཐོག་གཙོ་བོར་ཆེས་མོས་གུས་ཅན་གྱི་སློབ་མ་ཞིག་ཡིན་པ་ར་སྤྲོད་སྟེར།   དགེ་བཤེས་པདྨ་དབང་རྒྱལ་མཆོག་ནི་གསོལ་ཐབ་པ་ཕུལ་བྱུང་ཞིག་ཡིན་པ་ཕྲན་ནས་རྗེས་སུ་ཤེས།    རྒན་འཇམ་དཔལ་འཕྲིན་ལས་ནི་འཕྲལ་མར་བདག་ལ་མེད་མི་རུང་བར་གྱུར་ཅིང་ཨིན་སྐད་རྨད་དུ་བྱུང་ཞིང་ཚིག་ཧ་ཅང་ཕྱུག་པས་ལོ་ཙཱ་བ་ཞེས་སུ་འབོད།    ཕྲན་རང་ནས་ཁོང་རྣམ་པར་མཇལ་དར་དང་བཅས་བཞུགས་ཤག་གསར་པར་གདན་འདྲེན་ཕེབས་བསུ་དང་སྦྲགས་ཇི་སྲིད་བཞུགས་འདོད་ཀྱི་བར་མཐོ་སློབ་ཏུ་བཞུགས་རྒྱུའི་གསོལ་འདེབས་ཀྱང་ཞུས།  ད་ལྟར་ཕྱིར་མིག་གཅིག་ལྟ་སྐབས་སློབ་མ་ ༣༠༠  བརྒལ་བའི་མཐོ་རིམ་ཤེས་ཡོན་ལྟེ་གནས་ཤིག་གི་ཉིན་རེའི་གཞི་རྒྱ་ཆེ་བའི་ལས་དོན་གཟའ་མཇུག་ཚུན་ལའང་སློབ་སྤྱིའི་འགན་ཁུར་ཡོད་མུར་ཐོག་དེ་འདྲ་བ་ཆོས་འབྲེལ་སྐལ་བཟང་གི་གོ་སྐབས་བྱུང་བ་ཕྲན་རང་གི་ཡང་དྲན་ཡུལ་ལས་འདས།     འོན་ཀྱང་ ༢༠༢༡  ཕྱི་ཟླ་  ༡༠ ཚེས་    དང་ཚེས་  བར་གྱི་ཉིན་ཐོར་ལྟ་སྐབས་སུ་ཕྲན་རང་ནས་མཁན་ཟུར་རིན་པོ་ཆེར་ནང་ཆོས་སློབ་ཁྲིད་གསོལ་འདེབས་ཞུས་ཤིང་།    རིན་པོ་ཆེ་ནས་ཀྱང་ཞལ་བཞེས་བཟང་པོ་གནང་།   ཡང་སྒོས་སུ་རྗེ་རིན་པོ་ཆེའི་ལམ་གཙོ་རྣམ་གསུམ་གསོལ་འདེབས་ཞུས་པ་གནང་འགོ་བརྩམས་ཞེས་སོགས་འཁོད།    མངོན་གསལ་དོད་པོར་ཉིན་ཉུང་ཤས་དེའི་བར་ན་གུས་མོ་རང་ལ་དེ་འདྲའི་ཆེས་ཉམས་རྟོགས་ཅན་གྱི་བླ་མ་རྩ་ཆེན་ཞིག་སར་ནས་ཆོས་ཀྱི་སློབ་ཁྲིད་ཐོབ་པ་ཧ་ཅང་དཀོན་པའི་གོ་སྐབས་ཞིག་ཏུ་ངོས་འཛིན་ཐུབ་པ་མ་ཟད་དགུང་ལོ་   ༩༠  ལྷག་སོན་ཞིང་། སྐུ་ཁམས་བདེ་པོ་མེད་ཅིང་རིན་པོ་ཆེའི་ཉིན་རེའི་དུས་ཚོད་སྟབས་བདེ་དང་བསྟུན་ནས་ཕྲན་རང་ལ་ནང་ཆོས་སློབ་ཁྲིད་ཀྱི་གསོལ་འདེབས་ཞུ་རྒྱུའི་བདེ་ཉམས་དང་བག་ཚ་བ་མེད་པ་ཆེར་བསྐྱེད་གྱུར།  མཁན་ཟུར་རིན་པོ་ཆེ་ནི་ཆེས་ཞི་དུལ་དང་གུས་བཀུར་ལྡན་པས་ཕྱི་ངོས་ནས་རྒྱ་གར་བ་སློབ་སྤྱི་ཞིག་རིན་པོ་ཆེ་སར་ཉིན་རེར་བཅར་མི་ཕལ་ཆེར་གཅིག་པུ་ཡིན་ཞིང་།  རིན་པོ་ཆེའི་དྲུང་ནས་གཙོ་བོ་བྱིན་རླབས་དང་སློབ་ཁྲིད་ཞུ་མཁན་དེས་སྐབས་འགར་རྒྱ་གར་བུད་མེད་གྱོན་ཆས་སྲ་རས་དང་མཚམས་རེར་བོད་པའི་ཕྱུ་པ་དང་། ཡང་སྐབས་འགར་རྒྱུན་གྱོན་ཕུ་མེད་སྟོད་ཐུང་དང་གུ་ཐུང་བཅས་གྱོན།  སྔ་དགོང་གཉིས་སུ་བརྐྱངས་ཕྱག་གསུམ་རེ་འཚལ་མཁན་དེ་ལ་རིན་པོ་ཆེའི་གཟིགས་སྣང་རྣམས་ངག་ཚིག་ལམ་ནས་ག་ལ་བརྗོད།   འོན་ཀྱང་ནང་གི་དགོངས་པ་ཅི་ལྟར་ཡང་རིན་པོ་ཆེ་ནས་གུས་མོ་རང་གི་རེ་འདུན་རྣམས་ཅི་དགར་ཞལ་བཞེས་གནང་།    ཕལ་ཆེར་ཕྱོགས་གཉིས་ཀས་དེ་མ་ཉིད་དུ་མི་རྟག་པའི་རང་བཞིན་གྱིས་ང་ཚོར་ཉེ་བར་རྗེས་དེད་ཡོད་པར་སོང་།    དུས་ཚོད་ཆུད་ཟོས་སུ་གཏང་མི་ཉན་པར་ངོས་འཛིན་བྱུང་།   དེ་འདྲར་སོང་ངའི་ཕྱི་ཟླ་ ༡༠ ཚེས་  ༡༡ གི་ཉིན་ཐོར་འདི་ལྟར་གསལ།  ངའི་ཉིན་རེའི་སྐར་མ་བཅུ་བཅོ་ལྔ་ཅན་གྱི་རིན་པོ་ཆེའི་སློབ་ཁྲིད་ནི་ཧ་ཅང་རྩ་ཆེན་ཞིག་དང་ངའི་ཉི་མ་གཅིག་གི་དུས་ཚོད་དགའ་ཤོས་གཅིག་སྟེ་འདི་ཡི་རིང་དགོང་དྲོར་འཕགས་པ་མགོན་པོ་ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བ་ལས་གསུངས་པ་རྒྱལ་པོ་ལ་གདམས་པའི་འཇིག་རྟེན་ཆོས་བརྒྱད་སྐོར་དང་།   ཁ་སང་ལམ་གཙོ་རྣམ་གསུམ་ནང་གི་ངེས་འབྱུང་གི་སེམས་ཀྱི་སྐོར་གསུངས།   ཕྲན་རང་གིས་རིན་པོ་ཆེ་དང་ལྷན་དུ་དུས་ཚོད་ལ་གུས་མོ་རང་ནས་དགའ་ཚོར་ཆེན་པོས་ངང་སྒུག་བྱས་ཤིང་། རིན་པོ་ཆེ་འདིར་ཡོད་པ་ནི་དངོས་འབྲེལ་ངོས་རང་ཆེས་སྐལ་བ་བཟང་པོ་དང་།   བོད་ནས་ཕེབས་པའི་དགེ་བའི་བཤེས་གཉེན་སྐུ་ན་བགྲེས་པོ་རྩ་ཆེན་འདི་འདྲ་མཇལ་བ་གོ་སྐབས་དཀོན་པོ་རེད་སྙམ།   ཁོང་གིས་བཞེས་ལག་ཡག་པོ་བཞེས་ཤིང་སྐུ་གཟུགས་ཇེ་སྡུག་ཏུ་མ་སོང་བ་དང་། རྒྱ་གར་སློབ་སྤྱི་འདིས་ཆོས་ཕྱོགས་སུ་བློ་གཏད་པར་དགའ་ཚོར་ཆེན་པོར་གནང་།  རིན་པོ་ཆེའི་སློབ་ཁྲིད་གནང་སྟངས་འགའ་རེ་དང་སྲ་བརྟན་འདུན་པ་གཞན་དང་མི་འདྲ་བ་ལམ་སང་དོ་སྣང་བྱུང་། ཆེས་མངོན་གསལ་ཆེ་ཤོས་ཤིག་ནི་སློབ་ཁྲིད་སྐབས་ཆོས་ལ་ལྷག་པར་གུས་བཀུར་གནང་ཞིང་དེ་ཡང་རྒྱུན་སྲོལ་འགྲོ་ལུགས་རྣམས་ལ་གཙིགས་སུ་གནང་། རིན་པོ་ཆེ་སྐུ་ཁམས་བདེ་པོ་མེད་ནའང་སློབ་མ་གཅིག་ཁོ་ནར་སློབ་ཁྲིད་གནང་ཚེའང་གཟིམས་ཁྲི་ཐོག་སྐུ་ལུས་སྲོང་པོར་བཞུགས་ཏེ་ཆོས་གོས་རྣམ་གསུམ་ཆ་ཚང་བཞེས་ཤིང་།  ཁོང་དགུང་ལོ་ ༩༠ བརྒལ་བས་སྤྱན་དང་སྙན་གྱིས་མཐོང་ཐོས་ཀྱི་སྐུ་ངལ་ཡོད་ཁར་གུས་རང་ནས་བོད་སྐད་མི་གོ་བར་བརྟེན་དཀའ་ཚེགས་ཅན་གྱི་སྐད་སྒྱུར་ཞིག་དགོས་མཁོར་ཐུག     །འོན་ཀྱང་རིན་པོ་ཆེས་འགོག་རྐྱེན་དེ་དག་གནད་འགག་མེད་པའི་ཐོག་ང་གང་ཟག་གཅིག་ལ་སློབ་ཁྲིད་མི་གནང་བའི་རྒྱུ་མཚན་དུ་མ་གཟིགས།  འོན་ཀྱང་ལོ་ན་ ༤༨  སོན་པ་ཞིག་མགོ་སོགས་ཕྲན་བུ་ན་བ་དང་།   ལས་ཁུངས་ཀྱི་ལས་དོན་འགའ་རེ་སོགས་འཇིག་རྟེན་པའི་སློབ་ཁྲིད་ཅུང་ཟད་ཞིག་གིས་ཉིན་རེའི་ཆོས་ཉམས་ལེན་ལ་དོ་ཕོགས་འགྲོ་བར་མཐོང་།  དེས་ན་རིན་པོ་ཆེ་མཇལ་བ་དང་ཁོང་གི་བློའི་ནུས་མཐུ་རྨད་དུ་བྱུང་བ་དག་ལས་ང་རང་ངའི་ཆོད་སེམས་ལ་དྭོགས་པ་སྐྱེས་སུ་བཅུག    རིན་པོ་ཆེའི་བློའི་ནུས་སྟོབས་དང་དམ་ཆོས་ཉམས་ལེན་གྱི་ཆོད་སེམས་དག་བཤད་སྐབས་འཕྲོས་བཤད་དུ་ཕྲན་གྱིས་རེ་སྐུལ་ལྟར་དགེ་བཤེས་རྒྱལ་བསྟན་བཟང་པོ་ལགས་ཀྱིས་གསུངས་པའི་རིན་པོ་ཆེའི་བོད་ནང་གི་སྐུ་ཚེའི་སྟོད་ཀྱི་རྣམ་ཐར་འགའ་འདི་ལྟར།    རིན་པོ་ཆེ་ནི་དཀར་མཛེས་ས་ཁུལ་གྱི་མི་ཚང་ཆེ་གྲས་ཤིག་ཏུ་སྐུ་འཁྲུངས།    ཡབ་ཀ་བྲག་རྣམ་རྒྱལ་རྡོ་རྗེ་ནི་ཁོང་རབ་ཏུ་བྱུང་བར་གཏན་ནས་མོས་མཐུན་མེད་པ་མ་ཟད་ཁོང་ནས་རིན་པོ་ཆེར་ཁྱིམ་ཐབ་བཟུང་བར་ནན་བསྐུལ་གྱིས་རིན་པོ་ཆེས་ཀྱང་ངོས་ལེན་མི་བྱེད་ཀ་མད་གྱུར།   དེས་ནའང་རིན་པོ་ཆེས་རྟག་ཏུ་ལྷ་སར་བསྐྱོད་འདོད་ཀྱི་ཐུགས་རེ་བཅངས།   འོན་ཀྱང་ཡབ་ཀྱིས་ཁོང་གཅིག་པུ་ལྷ་སར་གཏང་ན་དེར་རབ་ཏུ་བྱུང་སྟེ་ཚུར་མི་ཡོང་བའི་ཉེན་ཁ་ལ་བརྟེན་ཨུ་ཚུགས་ཀྱིས་རིན་པོ་ཆེ་ཁྱིམ་ཐབ་མི་ཚེར་ངེས་པར་ཁྲིད་དགོས་པས་འགན་ཁུར་ཅན་གྱི་ལྟ་སྐྱོང་རོགས་པ་ཞིག་དང་མཉམ་དུ་གཏོང་གནང་མཛད།  རིན་པོ་ཆེ་ཁམས་དཀར་མཛེས་ནས་ལྷ་སར་ཕེབས་སྐབས་རང་ལོ་༢༥ ཡན་མན་ལས་མིན།དངོས་འབྲེལ་ཁོང་ནས་༸སྤྱི་ནོར་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ཐོག་མར་མཇལ་འཕྲད་བྱུང་སྐབས་༧གོང་ས་མཆོག་དགུང་ལོ་བཅུ་དགུ་ཉི་ཤུ་ཙམ་ཕེབས་ཤིང་།   ཕོ་བྲང་པོ་ཏཱ་ལ་རུ་ཤེས་རབ་ཀྱི་ལྷ་འཇམ་དཔལ་དབྱངས་ཀྱི་ཁྲོ་བོའི་རྣམ་རོལ་ཡི་དམ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་བཀའ་དབང་སར་ཡིན་འདུག    །བཀའ་དབང་སར་ཆོས་ཞུ་བ་འདེམས་སྒྲུག་བགྱིས་པའི་སེར་མོ་བ་དང་སྐྱ་བོའི་ལས་སྣེ་ཉུང་ཤས་ཤིག་གི་ཁྲོད་རིན་པོ་ཆེ་ནི་དེ་མིན་གྱི་སྐྱ་བོ་གཅིག་པུ་བ་རང་ཉིད་ཡུལ་ཁམས་ཀྱི་གནའ་སྲོལ་དང་ཁྱིམ་གཞིའི་གནས་བབས་དང་མཐུན་པའི་སྐྲ་ལོ་འཆང་ཡོད། 
གང་ལྟར་རིན་པོ་ཆེ་ནས་ལྷ་སར་ཡོད་པའི་རིང་དཔལ་ལྡན་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ཆོས་སྒོ་ལ་རབ་ཏུ་བྱུང་སྟེ་ཕྱི་ལོ་ ༡༩༥༩ བར་དེར་གསན་བསམ་སློབ་གཉེར་གནང་།   ཕྱིས་རྒྱ་གར་དུ་བཙན་བྱོལ་དུ་ཕེབས་ནས་མི་ལོ་བཅུ་ཕྲག་དུ་མའི་རིང་ཕ་ཡུལ་དུ་ཕྱིར་ལོག་མ་གནང་།     དེའི་བར་ན་བཙན་འཛུལ་རྒྱ་ནག་དམར་པོས་ཁོང་གི་ཡབ་གདུབ་རྩུབ་དྲག་པོ་དང་བཅས་མེ་མདས་བཀྲོངས།     རིན་པོ་ཆེ་ནས་རྩ་ཆེན་མི་ལུས་རིན་པོ་ཆེ་དེ་དོན་ལྡན་དུ་འགྱུར་རྒྱུའི་ནང་གི་ཆོད་སེམས་འདི་ལྟར་བརྟན་པས་ཤུགས་དྲག་གིས་བཤོལ་འདེབས་དང་ཕྱིའི་འགོག་རྐྱེན་ཇི་ལྟར་ཡང་ཁོང་རང་ཉིད་ཀྱིས་བཟུང་བའི་དམ་ཆོས་ཉམས་ལེན་ལས་གཡོ་བ་མེད་ཅིང་གཞན་དབང་དུ་གཏན་ནས་མ་སོང་།  རིན་པོ་ཆེ་ནི་སྦག་སའི་གནས་བརྟན་ཞེས་ཡོངས་སུ་གྲགས་པའི་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་རིས་མེད་ནས་ཕེབས་པའི་རྒྱ་གར་དུ་བོད་མི་སྐྱབས་བཅོལ་གཞིས་སྒར་ཐོག་མ་དེར་བཞུགས་པའི་དགེ་འདུན་པ་  ༡༣༠༠ ནས་  ༡༥༠༠  བར་ཡོད་པའི་གྲས་ཤིག་ཡིན།   རིན་པོ་ཆེ་ཁོང་རྣམ་པ་ཕྱི་ལོ་ ༡༩༦༠ ནས་ ༡༩༧༠ བར་མི་ལོ་བཅུ་ཕྲག་གཅིག་ཙམ་རིང་དེར་བཞུགས།     དེ་ནི་ནུབ་བྷང་གལ་མངའ་སྡེ་སྦག་སར་གནས་པའི་དེ་སྔོན་ཨིན་ཇི་སྐབས་ཀྱི་བཙོན་ཁང་གཞིས་སྒར་ཞིག་ཏུ་ཆགས་ལ།  གནམ་གཤིས་དང་ཁོར་ཡུག་ཆ་ནས་དེ་ལས་གདུག་རྩུབ་ཅན་ཞིག་སྲིད་དམ་སྙམ་པ་ཡོད་འདུག 

དགེ་འདུན་པ་དེ་རྣམས་ཀྱིས་བཙན་འཛུལ་རྒྱ་དམག་ཕྱིར་འཐེན་བར་དུ་བོད་ནང་ཁུལ་ལྷོ་ཁ་ཙམ་དུ་ཉེན་གཡོལ་གྱི་བསམ་བློས་བོད་དུ་ཡོད་པའི་རང་ཉིད་ཀྱི་དགོན་པ་གྲྭ་ཚང་ནས་ཉལ་ཆས་འདང་ཙམ་ཡང་མེད་པར་ཆེས་བྲེལ་འཚུབ་ངང་ཐོན་དགོས་བྱུང་།   འོན་ཀྱང་ཤིན་ཏུ་གདུག་རྩུབ་ཀྱི་གནས་སྟངས་འོག་ཁོང་རྣམ་པ་རང་ཉིད་ཀྱི་ཕ་ཡུལ་དང་བཙན་དབང་གིས་ཁ་བྲལ་དགོས་བྱུང་།      གློ་བུར་དུ་སློབ་གཉེར་བྱེད་རྒྱུའི་དཔེ་ཆ་ཡང་མེད་ཅིང་།   ཡུལ་ལུང་གཞན་རྒྱུས་མངའ་སོགས་གོམས་འདྲིས་གཏན་ནས་མེད་པའི་གནས་ཤིག་ཏུ་ལྷུང་།    ཁོང་རྣམ་པར་ཡོད་པ་གཅིག་པུ་ནི་དགུང་ལོ་   ༢༤  ཅན་གྱི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དེ་རེད།  ལོ་རྒྱུས་ཡིག་ཆའི་ནང་གསལ་ལྟར་ན་སྲིད་བློན་པཎྜིཏ་ནེ་རུ་ནས་གཞིས་སྒར་དེ་གནང་འདོད་མེད་ཀྱང་གྲྭ་སའི་སློབ་གཉེར་ལམ་ལུགས་དང་དགོན་པ་གྲྭ་ཚང་ཁག་བཙན་བྱོལ་གསར་འཛུགས་ནི་ལས་གཞི་གལ་གནད་ཆེ་ཤོས་སུ་གཟིགས་པར་བརྟེན་ཉིད་ཀྱི་དགུང་ལོ་ལས་ཆེས་ནར་སོན་པའི་ཐམས་ཅད་མཁྱེན་པ༧གོང་ས་ཏཱ་ལའི་བླ་མ་མཆོག་ནས་རང་གི་རེ་སྐུལ་མཐའ་སྐྱེལ་གནང་།   སྦག་སའི་དགེ་འདུན་པ་གསུམ་ཆ་གཅིག་ཙམ་གློ་ནད་ཊི་བི་སྙུང་ལ་འགའ་རེ་འུ་ཐུག་གིས་རང་སྲོག་བཅད་པ་མ་ཟད། བཕྱིས་མི་ལོ་བཅུ་ཕྲག་གཅིག་ཙམ་རྗེས་རྒྱ་གར་ལྷོ་ཕྱོགས་གཞིས་ཆགས་ཁག་ཏུ་བཏང་བ་རྣམས་ཀྱང་བསམ་ཡུལ་ལས་འདས་པའི་དཀའ་སྡུག་མྱོང་སྟེ་འགའ་ཞིག་གིས་འཚོ་གནས་ཐུབ་མིན་ཡང་བསམ་བློ་འཁོར།   འོན་ཀྱང་ཁོང་རྣམ་པ་འཚོ་གནས་ཐུབ་པ་ཙམ་དུ་མ་ཟད་བཙན་བྱོལ་དུ་ནང་ཆོས་མི་ཉམས་རྒྱུན་འཛིན་དང་དར་སྤེལ་གྱི་རྨང་གཞི་ཉིད་དུ་གྱུར།   ཕྲན་རང་གི་བསམ་པར་འཕགས་པ་མགོན་པོ་ཀླུ་སྒྲུབ་ཀྱི་རིན་ཆེན་ཕྲེང་བར་བཟང་པོའི་ཁྱད་ཆོས་བྱེ་བྲག་པ་དང་དེ་དག་གི་རྒྱུ་རྐྱེན་སྐོར།  བཀུར་སྟི་བྱས་པས་དོན་རྟོགས་ལྡན།  །ཆོས་བསྲུངས་ཤེས་རབ་ཅན་དུ་འགྱུར།   །ཞེས་གསུངས།  ཆོས་ལ་བཟོད་པས་གཟུངས་འཐོབ་བོ།    །ཞེས་སོགས་གསུངས་པ་རྣམས་ཁོང་རྣམ་པར་ལེགས་པར་འཇུག །དེང་ཆར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་སྦག་སའི་གནས་བརྟན་   ༣༥  ཡན་མན་ལས་མེད། གཞན་ཡང་རིན་པོ་ཆེའི་ཞབས་ཕྱི་རྣམས་ཀྱིས་གསུང་དོན།  སྦག་སའི་ཆོས་གྲོགས་རྣམས་ཀྱིས་རིན་པོ་ཆེ་མོན་གྷོ་འབྲས་སྤུངས་བློ་གསལ་གླིང་དུ་ཕེབས་སྒུག་བྱས་ནས་བཞུགས་ཡོད་པར་ཡང་ཡང་གསུངས་པ་ལྟར་དེ་ག་རང་རེད་འདུག   །ཕྲན་རང་རིན་པོ་ཆེའི་འབྲས་སྤུངས་གཟིམས་ཤག་དང་རུང་ཁང་ནས་ཁོང་རྣམ་པ་འགའ་རེ་ ༢༠༢༢ ཕྱི་ཟླ་ ༣ཚེས་  སྟེ་ལོ་གསར་ཚེས་གཅིག་སྔ་དྲོར་རིན་པོ་ཆེ་སར་མཇལ་བཅར་ཕེབས་མཁན་རྣམས་བདག་གིས་མཇལ།  བོད་པའི་དགེ་འདུན་པ་གཞོན་གྲས་འགའ་རེས་བདག་ལ་བློ་འཚབ་སྨྲེ་ངག་དང་བཅས་རིན་པོ་ཆེ་མཇལ་ཁ་བ་རྣམས་ལས་བདག་གིས་ཤེས་རྟོགས་ལ་དགེ་བའི་བཤེས་གཤེན་འདི་འདྲ་ང་ཚོ་དང་བྲལ་ཞིང་སྐྱེ་བ་མ་འཕོ་སྔོན་དུ་མཇལ་འཕྲད་ཐུབ་པ་ནི་ཆོས་རྣལ་མ་དོན་གཉེར་ཅན་རྒྱ་གར་བ་བོད་པ་མི་རིགས་དང་གཞན་སུ་ཡིན་རུང་རྩ་ཆེན་དང་གལ་གནད་ཤིན་ཏུ་ཆེ།   འདི་ལྟར་བགྱིས་པ་ནི་༧གོང་ས་མཆོག་གིས་རྟག་ཏུ་ནན་སྐུལ་ཆེན་པོས་ཆོས་བྱེད་པ་རྣམས་ཀྱིས་ཐོས་པ་དང་བསམ་པ་དེ་ཡང་མཐར་སྒོམ་པའི་སྒོ་ནས་ནཱ་ལཎྜཱའི་ཆོས་བརྒྱུད་མི་ཉམས་རྒྱུན་འཛིན་དགོས་པར་གསུངས་པའི་ཤུགས་ཀྱི་རིགས་པས་ཀྱང་དེ་མ་ཉིད་དུ་གྲུབ། འབྲས་སྤུངས་བློ་གསལ་གླིང་༧སྐྱབས་རྗེ་རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་མཐུ་སྟོབས་མགོན་པོ་མཆོག་མཇལ་ཙམ་དང་ཁོང་སར་ནས་ཆོས་ཀྱི་སློབ་ཁྲིད་ཞུས་པས་ཁོང་གིས་ནཱལནྡཱའི་ཆོས་བརྒྱུད་དང་དེའི་ལྟ་གྲུབ་ཡང་རྩེ་ཟབ་པ་དང་རྒྱ་ཆེ་བ་རྣམས་མཚོན་པ་གོ་རྟོགས་སྟེར།   ཅིའི་ཕྱིར་རྟགས་སམ་རིགས་པས་ཁོ་ན་གྲུབ་ཅེ་ན།   རྗེ་བཙུན་བྱམས་པ་མགོན་པོའི་མངོན་རྟོགས་རྒྱན་དུ་དེ་ལྟར་གསུངས་པ་མཇལ་ཏེ།   གང་ཟག་རྟོགས་པ་མཐོ་བ་ཁོ་ནས་གང་ཟག་རྟོགས་པ་དམན་པའི་ཉམས་རྟོགས་རྣམས་མཇལ་ནུས།   དེ་ཡང་མངོན་སུམ་དུའམ་རྗེས་དཔག་ལས་སོ།     །སྔ་མ་ནི་གཞན་སེམས་ཤེས་པའི་མངོན་ཤེས་ལྟ་བུ་སྒོམ་སྟོབས་ལས་བྱུང་བའི་མངོན་སུམ་རྣམས་སོ།  །རྒྱུ་རྐྱེན་སྣ་ཚོགས་ལ་བརྟེན་ངེས་ཤེས་དང་ཉམས་ལེན་གྱི་ཆུ་ཚད་ཆེས་ཞན་པའི་བདག་ལྟ་བུས་ཆེས་ཁྱད་པར་དུ་འཕགས་པའི་ཉམས་རྟོགས་ཅན་དག་གི་བློའི་ཡོན་ཏན་དེ་དག་མངོན་སུམ་དུ་མཇལ་མི་ནུས་མོད་རྟགས་ལས་ཚོད་དཔག་བྱེད་ནུས་སོ།    གུས་མོ་རང་གིས་ཆོས་དང་འབྲེལ་བའི་དྲི་བ་ཐམས་ཅད་ཀྱི་གསུང་ལན་གྱི་འགོར་རིན་པོ་ཆེ་མཆོག་གིས་བདག་ལ་ཉམས་རྟོགས་མེད་ཀྱང་གཞུང་ལུགས་དཔེ་ཆར་གསལ་བ་དེ་ལྟར་ཡིན་ཞེས་གསུངས་པས་ཉམ་ཆུང་ཞིང་ཁེངས་སྐྱུང་ལྡན་ནའང་ཁོང་གི་རྨད་བྱུང་ཉམས་རྟོགས་ཡོན་ཏན་རྣམས་ཕྱིར་རབ་ཏུ་འཕྲོ།  རང་ཉིད་ཀྱི་ཡོན་ཏན་ཅུང་ཟད་དེ་ཆེས་ཆེར་རློམ་ཞིང་དེ་དག་དྲིལ་བསྒྲགས་བྱེད་པར་སྦྱངས་པའི་དེང་གི་ཤེས་ཡོན་ཅན་གྱི་སྐྱ་བོ་ཞིག་ལ་དེ་འདྲའི་ཉམ་ཆུང་ཁེངས་སྐྱུང་མཇལ་བ་དེ་བློ་བསྐྱེད་ཆེན་པོ་ཞིག་དང་།    གཞན་ཡང་བློ་ཕམ་གྱི་གནས་ཞིག་ནི་དེང་སང་གི་བོད་པའི་སྤྱི་ཚོགས་ལའང་དེང་རབས་ཅན་འདི་ལྟར་གང་ཙམ་ལྡན།   ཆེས་ཧང་སང་བ་ཞིག་ལ་དེང་རབས་ཤེས་ཡོན་ལྟེ་གནས་ཁག་ཏུ་ཡོད་པའི་དགེ་འདུན་པ་འགའ་རེས་གདན་ས་ཁག་སོགས་སུ་ཡོད་པའི་དགེ་འདུན་པ་དག་ལས་ཁྱད་པར་དུ་འཕགས་པའི་འདུ་ཤེས་ཀྱི་རྣམ་པ་མངོན་གསལ་ཅན་ཞིག་བཟུང་གི་འདུག   བོད་པའི་ཁྱིམ་པ་གཞན་ཚོས་ཆོས་བརྒྱུད་འདྲ་མིན་གྱི་དགེ་བའི་བཤེས་གཉེན་རིན་བྲལ་གཏེར་ཆེན་དེ་དག་སྣང་མེད་ཡིན་ཤག་གིས་དེ་དག་དང་འབྲེལ་འདྲིས་གཏན་ནས་མེད་པའམ་ཡང་ན་ཁྱུག་ཙམ་གྱི་བྱིན་རླབས་ཞུ་ཡུལ་ཙམ་ལས་མེད་པ་ན་སྤྱི་ཚོགས་ཡོངས་གྲགས་སུ་ཐོན་པར་གཡོལ་ཞིང་།  སྐྱེས་མ་ཐག་ནས་སྤྲུལ་སྐུའི་མཚན་གནས་སོགས་སྙན་གྲགས་མེད་པའི་སྐྱེས་ཆེན་དེ་དག་གི་གཏིང་ཟབ་ཡོན་ཏན་དག་ལ་རྒྱུས་མངའ་དང་དོ་སྣང་དེ་ཙམ་མེད་པར་སྣང་།  འདི་ལྟ་བུ་ནི་ཆོས་ལུགས་ཚང་མའི་ནང་ལ་ཡོད་ཅིང་།   རིན་པོ་ཆེའི་ཞབས་ཕྱི་རྣམས་ཀྱིས་གུས་མོར་ཤེས་ཡོན་དང་ལས་ཀ་བཟང་ལ་བྱམས་བརྩེ་ལྡན་པའི་མི་ཚང་ཅན་ཞིག་ནས་འདི་ལྟ་བུ་ཆོས་ལ་དོ་དབྱིངས་ཡོད་པར་ཧང་སང་བར་བརྗོད།   ང་ལྡི་ཝ་ལི་དུས་ཆེན་སྲུང་བའི་ཆེད་ལྡི་ལིར་ཕྱིན་སྐབས་མཐོ་སློབ་ཏུ་ཁོང་ཚོར་ཤིན་ཏུ་ནས་ཁུ་སིམ་པོར་ལྟ་བུར་གྱུར་པར་བརྟེན།   རྒྱུན་དུ་རིན་པོ་ཆེ་སར་གུས་མོ་སྔ་དགོང་གཉིས་སུ་གུས་བཀུར་མཚོན་བྱེད་བཅར་གྱི་ཡོད།  ང་རང་མེད་པའི་སྐབས་དེར་ཁོང་རྣམས་ལས་གཅིག་གིས་ང་ཡིན་ཁུལ་གྱིས་སྒོ་བརྡུང་བའི་གནས་ཚུལ་རྣམས་ཕྱིས་ཕྲན་རང་ལ་གསུངས་སྐབས་ང་ཚོ་ཚང་མ་གད་མོ་བགད། 
རིན་པོ་ཆེའི་དགོངས་པའི་ཁྱེར་སོ་ནི་ཐེག་པ་ཆེན་པོའི་ཆོས་བརྒྱུད་ངེས་ཅན་ཞིག་ཏུ་རབ་ཏུ་སིམ་པ་སྟེ་ཆོས་དང་མན་ངག་ཐམས་ཅད་བྱང་ཆུབ་ཀྱི་སེམས་དང་འབྲེལ་བར་གནང་། ལས་དང་པོ་བ་རྣམས་ལ་རྒྱུ་འབྲས་མན་ངག་བདུན་གྱི་སྒོ་ནས་གསུངས་ཤིང་།    འདིར་དཔེ་མཚོན་ཙམ་བརྗོད་ན་ངེས་འབྱུང་དང་འབྲེལ་བའི་ལམ་གཙོ་རྣམ་གསུམ་གྱི་ཐོག་མའི་ཤོ་ལོ་ཀ་འགའ་ཡང་རིན་པོ་ཆེས་བྱང་ཆུབ་སེམས་དང་སྦྱར་ནས་གསུངས།   དེ་ཡང་ཟག་བཅས་ཀྱི་ཕུང་པོ་སྡུག་བསྔལ་གྱི་རང་བཞིན་དུ་མཐོང་ནས་རང་ཐོག་ངེས་འབྱུང་བསྐྱེད་པས་གཞན་ལ་སྙིང་རྗེ་ལྷག་པར་འདྲེན་ཞིང་གསུངས།  རིན་པོ་ཆེས་མཚམས་རེར་མངོན་གསལ་དོད་པོས་གསུངས་དོན།   ང་ཚོས་སངས་རྒྱས་ཀྱི་མཁྱེན་བརྩེ་ནུས་གསུམ་ཕུན་སུམ་ཚོགས་པར་ཡིད་སྨོན་གྱིས་སངས་རྒྱས་གོ་འཕང་འགྲུབ་པར་ཤོག་ཅིག་གསུངས།   འོན་ཀྱང་འདི་ནི་ཕུན་སུམ་ཚོགས་པ་ཡིན་པར་བདེན་མོད་ཀྱང་ཁོང་གིས་རྟག་ཏུ་ཐོག་མར་སྡུག་སྔལ་གསུམ་ནང་མུ་མཐའ་མེད་པར་ལྷུང་བའི་རང་ཉིད་ཀྱི་མ་རྣམས་བསམ་འགོ་བརྩམས།    གོམ་པ་གཉིས་པར་དེ་དག་སྡུག་སྔལ་ལས་གྲོལ་བའི་འགན་ཁུར་རང་ཐོག་བླངས་པའི་གཞན་ཕན་ལྷག་བསམ་བསྐྱེད།     རིམ་པ་གསུམ་པར་དེ་ལྟར་ཡོང་བར་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཉིད་ལ་རག་ལས་པར་བསམས་ནས་བྱང་ཆུབ་ཀྱི་སེམས་བསྐྱེད་དགོས།     རིན་པོ་ཆེས་སློབ་ཁྲིད་སྐབས་མང་པོར་གནད་དོན་འདི་གསུམ་ནན་གྱིས་གསུངས་ཤིང་ཁོང་ལ་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་ནི་རྟག་ཏུ་ཡོད་ཡོད་པ་ཡིན་པ་མངོན་གསལ་བྱུང་། གུས་མོ་རང་ནས་ཉོན་སྒྲིབ་དང་མི་འདྲ་བར་ཤེས་སྒྲིབ་སྤོང་བར་ངེས་པར་བྱང་ཆུབ་སེམས་དགོས་པའི་རྒྱུ་མཚན་སྟབས་བདེ་བློ་ལ་འཐད་པོ་ཞིག་གསུང་གནང་ཡོད་པ་ཞུས་པས།   རིན་པོ་ཆེ་ཐུགས་མཉེས་པོ་བྱུང་བ་མངོན་གསལ་ཐོན།  ཁོང་གིས་དེ་དག་ནི་ང་ཚོར་ཆོས་ཐམས་ཅད་དང་དེ་དག་གི་གནས་ལུགས་མཐར་ཐུག་སྒྲིབ་ཁེབས་བྱེད་པའི་མ་རིག་པའི་དྲ་བ་ལྟ་བུ་དང་ཇི་སྲིད་དུ་ང་ཚོས་གྲོགས་སྐུལ་འདེད་ཀྱིས་ནུས་སྟོབས་སྲ་བརྟན་གྱི་བྱང་ཆུབ་སེམས་རྒྱུད་ལ་མ་སྐྱེས་བར་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་སྒྲིབ་པ་དེ་དག་སེལ་བར་འབད་རྩོལ་སྤྱད་མི་ནུས།    ང་ཚོའི་བོད་ཁང་གི་དགེ་བའི་བཤེས་གཉེན་དགེ་བཤེས་རྡོ་རྗེ་དགྲ་འདུལ་མཆོག་ནས་ཐུགས་བརྩེ་དཀའ་ངལ་འཛེམ་མེད་སློབ་ཁྲིད་གནང་བའི་བཀྲིན་ལས།   ཁོང་གི་ནཱ་ལནྡཱ་གཙུག་ལག་རབ་འབྱམས་པ་(Nalanda Masters Course) ཡི་སློབ་མ་ཚང་མར་ཤར་བའི་ཚད་མཐོའི་དྲི་བར་གོང་གི་དཔེ་དོན་དེས་ལན་འདེབས་གསལ་བཤད་གཏིང་ཟབ་སྣང་། 
རིན་པོ་ཆེས་ལག་ལེན་སོ་བདུན་མའི་སློབ་ཁྲིད་གནང་སྐབས་རྒྱུན་དུ་སྐྱར་བཟློས་ཀྱི་ཚིག་བརྗོད་ནི་སྔར་བས་ནུས་པ་གོང་མཐོ་གོང་མཐོའི་ངང་ནས་གཞན་ལ་ཞབས་འདེགས་ཞུས། ཕན་ཐོགས་གྱིས།  ལྷག་པར་དུ་རྒྱུས་མེད་དང་དཀའ་ཁག་ཅན་གཞན་ལ་ཞབས་འདེབས་ཞུས་ཞེས་གསུངས།  རིན་པོ་ཆེ་ནས་ཕྲན་རང་ལ་འཕགས་མ་སྒྲོལ་དཀར་དང་༧གོང་ས་མཆོག་གི་སྐུ་ཐང་གནང་སྐབས་ཀྱང་དངོས་འབྲེལ་ལམ་ཡང་དག་པར་བགྲོད་པའི་༸གོང་ས་མཆོག་གི་ཐུགས་སྨོན་ལམ་སྟོན་གསོལ་བའི་ངང་ནས་མ་འོངས་པར་གོ་སྐབས་ནམ་བྱུང་ལ་གཞན་ལ་ཕན་འདོགས་ཞབས་ཞུ་ཇེ་ཆེར་གཏང་རྒྱུ་དམ་བཅའ་འཇོག་ཏུ་བཅུག   །གཞན་ལ་ཞབས་འདེགས་དང་།    ཡང་སྒོས་༧གོང་ས་མཆོག་དང་བསྟན་པའི་ཞབས་འདེགས་ཆེད་རང་གི་ཕ་ས་དང་ཕ་མ་རྒས་འཁོགས་དག་དོར་བ་ནི་དེ་དག་བློས་བཏང་བྱས་པ་གཏན་ནས་མིན་པ་མ་ཟད་ཕུགས་ལ་ཚེ་རབས་ཐམས་ཅན་དུ་ཁོང་ཚོར་ཕན་ཐོགས་ཆེན་པོ་ཡོད་ཅེས་གསུངས།  ཏན་ཏན་ཕྲན་རང་ནས་སྟོང་པ་ཉིད་ཀྱི་སྐོར་ལའང་དྲི་བ་དྲིས་པས་རིན་པོ་ཆེ་དགའ་སྣང་ཤིན་ཏུ་ཆེན་པོ་བྱུང་ཡོད་པ་ཚོར།   ཐོག་མར་བདག་ལྟ་བུ་ཞིག་ལ་སྟོང་ཉིད་ལ་རྒྱུས་མངའ་དང་དབྱིངས་ཡོད་པ་ཅི་འདྲ་འོང་དགོངས་ཏེ་སྤྲོ་སྣང་བསྐྱེད།   ཉིན་གཅིག་ཁོང་ལ་རྗེས་ཐོབ་ཏུ་སྟོང་པ་ཉིད་ཇི་ལྟར་བསམ་བློ་གཏོང་ཚུལ་དང་།  རྟག་ཏུ་འགྲོ་འོང་རང་བཞིན་ཅན་གྱི་ཀུན་རྫོབ་བདེན་པ་སྒོམ་ཚུལ་ཞུས་པར།   རིན་པོ་ཆེས་དོན་དངོས་ཀྱི་འཕྲལ་མའི་ལན་གྱིས་བདག་ལ་ནམ་མཁའི་གློག་ལྟར་བློ་ངོར་གསལ་བས་ཧང་སང་དུ་འཇུག  །ཁོང་གིས་རྟེན་འབྱུང་ངམ་རྟེན་འབྲེལ་ནི་ཡུལ་རང་ངོས་ནས་མ་གྲུབ་པའི་སྒྲུབ་བྱེད་ཀྱི་རིགས་པའི་རྒྱལ་པོ་ཡིན་པས་དེའི་རྒྱུ་མཚན་དང་།  དེ་ལྟར་ང་ཚོས་བདུན་གཅིག་གམ་ཆུ་ཚོད་ ༢༤ སྒྱུ་མ་ལྟ་བུའི་ཀུན་རྫོབ་པའི་ཆོས་རྣམས་བསམ་དགོས།   ངས་འདི་སྔོན་སྦྱངས་མྱོང་ཞིང་གོ་རྟོགས་ཅུང་ཙམ་ལྡན་ལ་འོན་ཀྱང་རིན་པོ་ཆེས་འཕྲལ་མའི་གསུང་ལན་དེ་དག་ལས་གུས་མོ་རང་གི་བློ་ངོར་དེ་འདྲ་ཁྲ་ལམ་མེར་སྣང་གི་ཡོད་པ་ཆེས་ངོ་མཚར་བསམ།   འདིས་ཕྲན་རང་གི་བློ་ངོར་བག་ཆགས་གཏིང་ཟབ་ལ་བསུབ་ཏུ་མེད་པ་ཞིག་བཞག   
རིན་པོ་ཆེ་ནི་གུས་མོ་བདག་ལ་བློ་སྤོབས་ཚད་མེད་བསྐྱེད་དུ་བཅུག་སྟེ།   ཉིན་གཅིག་གི་དགོང་མོར་ང་ཚོའི་སློབ་ཁྲིད་གྲོལ་རྗེས་ཕྲན་རང་ནས་སླར་ཡང་སྟོང་ཉིད་སྐོར་དྲི་བ་ཆུང་ངུ་ཞིག་ཞུས་པར་རིན་པོ་ཆེ་ནས་ལོ་ཙཱ་བ་འཇམ་དཔལ་འཕྲིན་ལས་ལགས་ལ་གུས་རང་གིས་དྲི་བ་ཡག་པོ་འདི་འདྲ་དྲིས་པས་ཁོང་དོགས་སློང་སྐྱེས་སུ་བཅུག་སོང་གསུངས།   འོན་ཀྱང་རིན་པོ་ཆེ་ནས་ཐུགས་བརྩེ་ཆེན་པོས་བདག་ལ་སྟོང་ཉིད་ལྟ་བུའི་ཆེས་དཀའ་ཚེགས་ཅན་གྱི་ཆོས་ཀྱི་གནད་དོན་དག་ལའང་མུ་མཐུད་ཐོས་བསམ་སྒོམ་གསུམ་ལ་འབད་པར་སེམས་ཤུགས་བསྐྱེད་ཆེད་དུ་གསུངས་པ་ལས་དེ་ལྟར་མིན་པར་གསལ་པོ་ཡིན་པ་ལ་བརྟེན་ནས་ཕྲན་རང་ནས་འགྲོ་ལུགས་ཐམས་ཅད་བརྗེད་དེ་དེ་མ་ཉིད་དུ་གད་མོ་ཆེན་པོ་ཤོར།   ཕྲན་རང་གི་གད་མོ་དང་བསམ་བློའི་དྲན་སྣང་ཞུས་པས་རིན་པོ་ཆེ་དང་རྒན་འཇམ་དཔལ་གཉིས་ཀ་བཞད་མོ་བཞད།   དེ་འདྲའི་ཕན་ཚུན་གོ་རྟོགས་བསམ་ཤེས་དང་གད་མོའི་ཡིད་དུ་འོང་ཞིང་སེམས་པ་སྐྱིད་པའི་དུས་དེ་ནི་ངས་ནམ་ཡང་བརྗེད་མི་ནུས།   དོན་དངོས་ལ་དེའི་ཤུགས་ལ་དགེ་བའི་བཤེས་གཉེན་འདི་ལྟ་བུ་ཞིག་གི་སློབ་མ་རྣམས་ལམ་ལ་བགྲོད་པར་བློ་མི་ཞུམ་ཆེད་ཐབས་མཁས་ཐུགས་རྗེའི་ཐབས་ཤེས་ཤིག་མཚོན། 
རིན་པོ་ཆེའི་ཟབ་ཅིང་རྒྱ་ཆེ་བའི་སྐུ་ཡོན་རྣམས་མྱོང་བས་གྲུབ་པ་ཤ་སྟག་ཡིན་པར་བདག་གིས་ཚོད་དཔག་ཐུབ་ཅིང་།   ཁོང་གིས ༧གོང་ས་མཆོག་ལ་གཟིགས་ཕྱོགས་ཐད་ཆེས་ཕུན་སུམ་ཚོགས་ལ་ཁྱད་པར་དུ་འཕགས་པ་མཇལ་དུས་བདག་ནི་ལུས་ཀྱི་བ་སྤུ་ལྡང་ཞིང་ལུས་གཏིང་ནས་འདར་དཀྲུག་བྱས།   རིན་པོ་ཆེས་འཇམ་གུས་ངང་ནས་༧གོང་ས་མཆོག་གིས་རང་ཉིད་ཀྱི་སྟོང་ཉིད་ཀྱི་ཉམས་རྟོགས་གནས་ཚད་འདི་འདྲ་ཙམ་ཡིན་གསུང་མོད་ཀྱང་དོན་ལ་དེ་ལས་ཆེས་ཆེར་མཐོ་བ་ཡིན་པ་ཐེ་ཚོམ་མེད་ཅིང་།  གང་ལགས་ཤེ་ན་ཁོང་གིས་ང་ཚོར་སྟོང་ཉིད་ལ་དངོས་གནས་གོ་བ་ན་ཇི་ལྟར་ཆད་པའི་ལྟ་བར་མི་ལྟུང་ཚུལ་སྐོར་བསམ་བློ་གཏོང་དགོས་རྒྱུ་གལ་ཆེ་གསུངས་ཀྱི་མི་འདུག་གམ་གསུངས།  རིན་པོ་ཆེ་ནས་མུ་མཐུད་ནས་གསུང་དོན་དུ།   གོང་ས་མཆོག་གིས་འདི་ལྟར་གསུང་དུས་དང་ང་ཚོས་ནན་གྱིས་བསམ་བློ་གཏང་རྒྱུའི་དྲི་བའི་རང་བཞིན་ཉིད་ལས་དེ་དག་གོ་རྟོགས་སྐམ་པོ་ཙམ་མ་ཡིན་པར་ཉམས་རྟོགས་གཏིང་ཟབ་ལས་བྱུང་བ་ཡིན་པ་ར་སྤྲོད་ཐུབ་ཅེས་གསུངས། 
རིན་པོ་ཆེའི་ངེས་ཤེས་ཀྱིས་དྲངས་ཤིང་རི་རབ་ལྟར་སྲ་བརྟན་གྱི་༧གོང་ས་མཆོག་ལ་གཅིག་ཏུ་དད་ཅིང་མོས་པ་ནི་ཁོང་ལྟ་བུ་སྐྱེས་ཆེན་ཞིག་ལས་བྱུང་བའི་ཡིད་འོང་གི་ཡུལ་ཞིག་སྟེ་དེ་ག་ཉིད་ཆོས་ཀྱི་བསླབ་བྱ་ཞིག་ཏུ་སྣང་ལ། ༧གོང་ས་མཆོག་གིས་མཁན་ཟུར་རིན་པོ་ཆེ་སྙུང་གཞིར་སྨན་བཅོས་སུ་བོད་སྨན་བསྟེན་གཏུགས་དགོས་པར་གསུངས་པ་དེ་ཉིད་ལམ་སྟོན་མཐའ་མ་དང་།  མཐོ་སློབ་ཏུ་འབྱོར་འཕྲལ་རིན་པོ་ཆེའི་གཟིམས་ཁྲིའི་དབུ་ངོས་སུ་འཇོག་རྒྱུ་ནི་༧གོང་ས་མཆོག་དང་ལྷན་བཞུགས་ཀྱི་སྐུ་དཔར་གཅིག་དང་༧གོང་ས་མཆོག་ནས་གནང་བའི་བཀའ་ཡིག་ཡིག་ལྐོགས་གཅིག་ཡོད།  རྗེས་སུ་གུས་རང་ནས་མཇལ་རྒྱུའི་སྐལ་བཟང་ཐོབ་པའི་ཁོང་གི་མོན་གྷོ་འབྲས་སྤུངས་སུ་ཡོད་པའི་གཟིམས་ཤག་མཆོད་ཁང་དང་གཟིམས་ཁྲིའི་དབུ་ངོས་དག་ལའང་༧གོང་ས་མཆོག་གི་སྐུ་དཔར་བྱིན་ཅན་དུ་མས་ཁེངས་ཡོད། Part 2(ཚན་པ་  པ།)
རིན་པོ་ཆེ་མཇལ་བས་མདོ་སྔགས་གཉིས་ཀ་ལས་གསུངས་པའི་བཤེས་གཉེན་བསྟེན་ཚུལ་དངོས་དང་དེའི་གལ་གནད་དང་གོ་སྐབས་སོགས་རྩ་ཆེན་ཡིན་པ་གཏིང་ཟབ་གོ་བ་རྙེད་པ་འོང་ཞིང་།  རིན་པོ་ཆེ་ནས་རྟག་ཏུ་ཁོང་གི་ཤེས་ཡོན་རྣམས་དཔེར་བཞག་སྟེ་བཤེས་གཉེན་རྣམས་ཀྱི་དྲིན་ལས་བྱུང་བ་ཡིན་གསུངས།   འོན་ཀྱང་རིན་པོ་ཆེའི་ཞབས་ཕྱི་རྣམས་ཀྱིས་རིན་པོ་ཆེའི་སྐུ་ཚེའི་རིང་དགེ་བའི་བཤེས་གཉེན་ཀུན་ལ་བཤེས་གཉེན་བསྟེན་ཚུལ་ཧ་ཅང་སྐྱོན་བྲལ་ཕུན་སུམ་ཚོགས་པས་ཁོང་གི་ཆོས་ཀྱི་བགྲོད་ལམ་བྱིན་ཅན་དང་ཕུན་སུམ་ཚོགས་པར་གྱུར་ཡོད་ཅིང་གསུངས།   རིན་པོ་ཆེ་ནས་གུས་རང་ལ་གལ་ཏེ་སློབ་མས་ངོས་ནས་དགེ་རྒན་སངས་རྒྱས་སུ་བལྟས་ན་སློབ་མ་རང་ཉིད་ལ་སངས་རྒྱས་དངོས་ཀྱི་བྱིན་རླབས་ཀྱི་ཕན་ནུས་འབྱུང་ལ།   མ་ཟད་སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་ཀྱང་སློབ་མ་དེ་ལ་ཐོབ་ཅེས་གསུངས། 
དེའི་ཐད་རིན་པོ་ཆེ་ནས་རྒྱ་གར་གྱི་པཎ་གྲུབ་གཅིག་གི་ལུང་དྲངས་ནས་དགེ་བའི་བཤེས་གཉེན་ནི་གངས་རི་ལྟ་བུ་ཡིན་པ་དང་སློབ་མའི་དད་གུས་ཀྱི་ཉི་མས་དེ་ལྟ་བུའི་གངས་བཞུ་བ་ལས་སློབ་མ་ལ་ཕན་ནུས་ཐོབ་ཅེས་གསུངས།   མ་ཟད་ཁོང་གིས་རས་ཆུང་པས་རྗེ་བཙུན་མི་ལ་རས་པར་ཁྱེད་སུའི་རྣམ་སྤྲུལ་ཡིན་ཞེས་ཞུས་པར་རྗེ་བཙུན་མི་ལས་ངས་མི་ཤེས།   ང་ངན་སོང་གསུམ་ཕྱོགས་གཅིག་ཏུ་བསྡོམས་པའི་རྣམ་སྤྲུལ་ཡིན་སྲིད།   འོན་ཀྱང་རས་ཆུང་ཁྱོད་ཀྱིས་ང་ལ་རྡོ་རྗེ་འཆང་ལྟ་ན་དེ་ལྟར་ཁྱོད་ལ་རྡོ་རྗེ་འཆང་གི་བྱིན་རླབས་འོང་ཞེས་གསུངས་པ་ཡང་འདིའི་སྐབས་སུ་དྲངས།  
དགུང་ལོ་ ༩༠ བརྒལ་བའི་རིན་པོ་ཆེའིཤེས་ཡོན་དང་དྲན་པ་ནི་ཤེས་བྱ་ཀུན་ཁྱབ་ཀྱི་ཚིག་མཛོད་ལྟ་བུ་དང་། རིན་པོ་ཆེ་ཡི་གསུང་ལན་ཐམས་ཅད་འབྲེལ་ཡོད་དམིགས་བཀར་གྱི་ལུང་ཚད་མའི་རྒྱབ་བརྟེན་ཡོད་པར་སྣང་ཞིང་།   རིན་པོ་ཆེ་ནི་བཤེས་གཉེན་བསྟེན་ཚུལ་གྱི་སྐོར་ཆེས་བཀྲ་བའི་དཔེ་མཚོན་གཅིག་ཡིན་པར་སོང་གུས་མོས་རིན་པོ་ཆེ་ལ་རང་ཉིད་ཀྱི་དགེ་བའི་བཤེས་གཉེན་ལ་ཇི་ལྟར་ཞབས་འདེགས་ཞུས་ཚུལ་དྲིས་པར།   རིན་པོ་ཆེས་ཐད་ཀར་རྗེ་རིན་པོ་ཆེའི་ལམ་རིམ་ཆེན་མོའི་ནང་སྡོང་པོ་བཀོད་པ་ལུང་དྲངས་ཏེ་སེམས་དགུས་དགེ་བའི་བཤེས་གཉེན་ལ་བསྙེན་བཀུར་བྱ་ཚུལ་ཏེ།   བུ་མཛངས་པ་ལྟ་བུའི་སེམས།  རྡོ་རྗེ་ལྟ་བུའི་སེམས།  ས་ལྟ་བུའི་སེམས།  ཁུར་ཐམས་ཅད་བསྐུར་བས་ཡོངས་སུ་མི་སྐྱོ་བའི་སེམས་ཀྱི་ཁོངས་སུ་གཏོགས་པ་དྲུག་སྟེ།  ཁོར་ཡུག་གི་རི་ལྟ་བུའི་སེམས།   འཇིག་རྟེན་གྱི་བྲན་ལྟ་བུའི་སེམས།   ཕྱག་བདར་བ་ལྟ་བུའི་སེམས།ཐེག་པ་ལྟ་བུའི་སེམས། ཁྱི་ལྟ་བུའི་སེམས།  གྲུ་ལྟ་བུའི་སེམས་སོགས་གསུངས་ཡོད་ཅིང་ཞེས་གསུངས།  
དངོས་འབྲེལ་རིན་པོ་ཆེའི་དགེ་ཕྲུག་རྒན་ཤོས་རྣམས་དང་། གམ་བཅར་ཞབས་ཕྱི་ཚོའི་ཀུན་སྤྱོད་དང་དེ་དག་དབར་གྱི་འབྲེལ་བ་རྟོགས་ཞིབ་བརྒྱུད་གུས་མོ་ལ་བརྗོད་དུ་མེད་པའི་བཤེས་གཉེན་བསྟེན་ཚུལ་གྱི་སློབ་གསོ་ཐོབ།  ཐོག་མར་ཏཱ་ལའི་བླ་མའི་མཐོ་སློབ་ཏུ་ཕེབས་དུས་ནས་གམ་བཅར་དུ་ཡོད་པའི་རིན་པོ་ཆེའི་སྐུ་འཁོར་དགེ་བཤེས་རྒྱལ་བསྟན་བཟང་པོ། དགེ་བཤེས་པདྨ་དབང་རྒྱལ།   རྒན་འཇམ་དཔལ་འཕྲིན་ལས་རྣམས་ནས་མགྱོགས་མྱུར་རིན་པོ་ཆེའི་སྟབས་བདེའི་གཟིམས་ཁང་དེ་དགོས་མཁོའི་བེད་སྤྱད་གཞིར་བཟུང་ཆེས་གཙང་སྒྲིག་གི་མཛེས་ཉམས་ལྡན་ཞིང་དྲི་བཟང་སྤོས་ཀྱིས་བར་སྣང་ཁེངས་བ་མ་ཟད།  རིན་པོ་ཆེར་གཟིམས་ཤག་ལྟར་དུ་ཞལ་ལག་བཟོས་ཏེ་ཕུལ་བ་དང་།  རིན་པོ་ཆེར་དུས་རྟག་ཏུ་གང་འདོད་གང་ལེགས་ཀྱི་ཚུལ་དུ་ཞབས་འདེགས་ཞུས་ཤིང་།  ཁོང་རྣམ་པས་རིན་པོ་ཆེའི་སྐུ་གཟུགས་གནས་སྟངས་ཐད་རིན་པོ་ཆེ་ནས་ཞལ་ལག་འཛེམ་ཟོན་ཇི་དགོས་ཟས་སྤྱོད་འཕྲོད་བསྟེན་མཁས་ཅན་བོད་པའི་ཨ་ཅག་ལགས་ཤིག་ལ་བསྟེན་གཏུགས་གནང་།   ཁོང་རྣམ་པར་རླངས་འཁོར་སོགས་ཅི་ཡང་མེད་ཀྱང་མི་རིང་བར་དགེ་བཤེས་པདྨ་དབང་རྒྱལ་ལགས་ནས་སྔར་འབྲས་སྤུངས་བློ་གསལ་གླིང་ཟ་ཁང་གི་མ་བྱན་ཉམས་མྱོང་དང་བསྟུན་ནས་རིན་པོ་ཆེའི་སྐུ་གཟུགས་འཕྲོད་བསྟེན་ལ་ཕན་ཞིང་ཞིམ་པོ་ཡང་ཡོད་པའི་རྒྱུས་མེད་ཀྱི་འབྲུ་རིགས་དཔེར་ན་Quinoལྟ་བུ་ལས་རིན་པོ་ཆེའི་ཞལ་ལག་བཟོ་འགོ་བརྩམས། རིན་པོ་ཆེ་མཐོ་སློབ་ཏུ་བཞུགས་ཞག་བདུན་ཕྲག་གཅིག་ཙམ་མ་ཡིན་པ་དང་།  འབྲས་སྤུངས་སུ་མགྱོགས་མྱུར་ངང་ཕྱིར་ཕེབས་མིན་པ་གཏན་ཁེལ་མཚམས་སུ།   ཉིན་གཅིག་རིན་པོ་ཆེའི་དགེ་ཕྲུག་རྒན་པ་དགེ་བཤེས་གྲགས་པ་ཤེས་རབ་མཆོག་གིས་རྒན་བསྟན་པ་ལྷན་ཁྲིད་ཀྱིས་མཐོ་སློབ་ཏུ་འབྱོར།   རྒན་བསྟན་པ་ནས་དམིགས་བསལ་གྱི་ཚལ་སླང་དང་ཧ་ཡང་སྣོད་ཆས་སོགས་མི་དགོས་པར་བག་ལེབ་ཤིན་ཏུ་སྤུས་ལེགས་བཟོ་གི་འདུག  །དགེ་བཤེས་གྲགས་པ་ཤེས་རབ་ལགས་ཕེབས་པ་དེས་རིན་པོ་ཆེའི་ཉིན་རེའི་གནང་སྒོ་གསར་པ་ཞིག་འགོ་བརྩམས།   དེ་ཡང་ཁོང་རང་ཉིད་ཀྱི་དགེ་བའི་བཤེས་གཉེན་རྗེས་སུ་སློབ་འདོད་ཀྱིས་དུས་ཚོད་མང་ཆེ་བ་རང་ཉིད་ཀྱི་གཟིམས་ཁང་དུ་སྒོམ་ལ་བཞུགས།   འོན་ཀྱང་དགོང་མོ་དགོང་ཟས་ཉུང་ངུ་ཞིག་གི་རྗེས།    རིན་པོ་ཆེའི་གཟིམས་ཁང་དུ་ཁོང་རྣམ་གཉིས་གཅིག་པུ་ཆུ་ཚོད་གཅིག་གམ་དེ་ལས་མང་བའི་རིང་བཞུགས་ཤིང་།   སེམས་ཚོར་ལྡན་པའི་བཀའ་མོལ་ལྷུག་པོ་དང་སྐབས་འགར་བཞད་མོའི་སྒྲ་ཡང་ཕྱི་ནས་ཐོས། 
ཉིན་ཞིག་ལས་ཀ་ཞིག་གི་རྗེས་སུ་རིན་པོ་ཆེའི་ཞབས་ཕྱི་དག་གི་ལྷན་དུ་ཕྱི་རོལ་གྱི་ཁང་མིག་གཅིག་ཏུ་རྒྱུན་རིང་སྒུག་སྡོད་སྐབས་རིན་པོ་ཆེ་ནས་དགེ་བཤེས་གྲགས་པ་ཤེས་རབ་མཆོག་དང་བཀལ་མོལ་ནུས་ཤུགས་ཆེ་ཞིང་སྤྲོ་སེམས་ཁོལ་བའི་ངང་བཀའ་མོལ་གནང་གི་ཡོད་པ་ཐོས།   ཕྲན་ནས་བཀའ་མོལ་དེས་རིན་པོ་ཆེ་སྔར་ལས་གྲུང་ཤ་ཆེ་བ་འདུག་པས།   ཁོང་རྣམ་གཉིས་ཀྱིས་བཀའ་མོལ་ཅི་གནང་གི་ཡོད་ཅེས་དྲིས་པས་ཞབས་ཕྱི་རྣམ་པས་རིན་པོ་ཆེ་ཁོང་རྣམ་གཉིས་ཀྱིས་རིན་པོ་ཆེའི་འདས་ཟིན་པའི་རྣམ་ཐར་སྐོར་བཀལ་མོལ་གནང་གི་ཡོད་པས།  ད་ཆ་རིན་པོ་ཆེ་ནས་སྐུ་ཚེ་སྟོད་ཀྱི་དོན་གནས་འགའ་རེ་དྲན་གྱི་མེད་པར་བརྟེན་དགེ་བཤེས་གྲགས་པ་ཤེས་རབ་མཆོག་རང་ལོ་  ནས་བཟུང་མི་ལོ་ཧྲིལ་པོ་ ༥༢ ཙམ་རིན་པོ་ཆེ་སར་བཞུགས་པས་ཁོང་ནས་རིན་པོ་ཆེ་ལ་དྲན་གསོ་ཞུས་པ་རེད་ཅེས་གསུངས།    ང་རིན་པོ་ཆེ་སར་གུས་ཞུ་བཅར་སྐབས་དགེ་བཤེས་གྲགས་པ་ཤེས་རབ་ཀྱིས་བཀའ་མོལ་དེའི་འཕྲོར་ཆོབ་སློང་བ་དང་སྦྲགས་རིན་པོ་ཆེ་ནས་ཁོང་ཆུང་དུས་མཚམས་རེར་ཉེས་བརྡུང་གཏོང་རབས་རྣམས་གསུངས།  མ་ཟད་ཐེངས་ཤིག་རང་ཉིད་ཀྱི་མགོ་སྲུང་ཐབས་ལ་ཉལ་ཁྲི་འོག་ཏུ་འཛུལ་བ་དང་།    ཡང་སྐབས་གཞན་ཞིག་ཏུ་རྒན་གྱི་དབྱུག་པ་ལས་ཐར་ཆེད་དང་།  རྒན་ཐུགས་སེམས་གཞན་དུ་འཕྲོ་ཕྱིར་རིན་པོ་ཆེར་དེ་ཡི་སྐབས་སུ་བེད་སྤྱད་ཆེ་ཞིང་རྩ་ཆེའི་ཚ་དམ་བཟུང་ནས་བསྡད་པ་སོགས་གསུངས། 
རིན་པོ་ཆེས་ཐུགས་བསམ་ཤུགས་དྲག་དང་བཅས་དགེ་བཤེས་གྲགས་པ་ཤེས་རབ་ནི་མི་ལོ་ ༥༠ རྗེས་ལའང་ལུས་ཀྱི་གྲིབ་མ་བཞིན་དུ་ཁོང་གི་ཉེ་འཁྲིས་སུ་འཁོར་ཞིང་གཏན་ནས་ཁོང་དང་མ་བྲལ་ཞེས་གསུངས་པར་ཁོང་གཉིས་གད་མོ་བགད་ལ།   ཕྲན་རང་ཡང་མ་བུ་དང་ཤ་ཁྲག་གི་འབྲེལ་བའི་བརྩེ་བ་ལས་ཆེས་ཆེར་ཁྱད་པར་དུ་འཕགས་ཤིང་ཆགས་ཞེན་གྱིས་མ་བསླད་པའི་བརྩེ་བའི་རང་བཞིན་གྱི་ཁོང་རྣམ་པའི་དྭངས་གཙང་གི་འབྲེལ་བ་མཇལ་དུས་མིག་ལ་མིག་ཆུ་འཁོར་ཞིང་།   དགེ་བཤེས་གྲགས་པ་ཤེས་རབ་མཆོག་ནས་རྒན་གྱིས་ཉེས་རྡུང་གཏོང་བྱེད་ཀྱི་དབྱུག་པ་དེ་རྗེས་དྲན་དྲན་གསོའི་ཆེད་ད་ལྟའང་བདག་ཉར་གནང་གི་ཡོད་པར་གསུངས།    བཟོད་བསྲན་ཞན་ཞིང་ཐོབ་ཐང་ལྟ་བུའི་འདུ་ཤེས་བསྐྲུན་པའི་དེང་རབས་ཀྱི་ཤེས་ཡོན་ལམ་སྲོལ་ལ་བརྟེན་ནས་དགེ་རྒན་ཞིག་གིས་སློབ་མ་ལུས་ཐོག་ཉེས་ཆད་ཀྱིས་བཅུན་ཐབས་གནང་ན་སློབ་མ་དེའི་དྲུང་དུ་སྡོད་པའི་རྒྱུན་རིང་ངེས་པར་མེད།  རིན་པོ་ཆེ་དང་དགེ་བཤེས་གྲགས་པ་ཤེས་རབ་མཆོག་གི་ལོ་རྒྱུས་ལྟ་བུ་ཡང་ཐོས་པར་དཀོན་པོ་ཞིག་སྟེ།    དེ་ཡང་དགེ་བཤེས་ལགས་ཀྱི་ཕ་ནི་བོད་ལ་རང་དབང་ཡོད་པའི་དུས་ན་ཞིང་པ་ཞིག་དང་།   རིན་པོ་ཆེའི་ཆུང་གྲོགས་ཏེ་ཁོང་རྣམ་གཉིས་ནས་མཛེས་སྡུག་ལྡན་པའི་ཕ་ཡུལ་གྱི་གྲོང་གསེབ་ས་ཁུལ་ཁག་ལ་འཁྱམས་ཉུལ་མང་པོ་བྱས་མྱོང་།   ཕྱི་ལོ་ ༡༩༥༩ རྗེས་བཙན་བྱོལ་དུ་སླེབས་ནས་དགེ་བཤེས་གྲགས་པ་ཤེས་རབ་ཀྱི་ཕས་ཁོང་དང་ཁོང་གི་གཅུང་པོ་གཉིས་ཀ་རིན་པོ་ཆེའི་དྲུང་དུ་བཞག    །དེ་མཚུངས་ལོ་ངོ་བཅུ་ཕྲག་འགའི་རིང་ལ་ཁོང་གཉིས་ཀར་ལྟ་སྐྱོང་ཡང་རིན་པོ་ཆེ་ཉིད་ཀྱིས་མཛད།       མ་ཟད་ཁོང་གཉིས་ཆུང་དུས་སྐབས་སུ་ཁོང་གཉིས་ལ་སྨན་བཅོས་དགོས་སྐབས་རིན་པོ་ཆེས་རྐང་འཁོར་གཅིག་གི་སྟེང་ཁོང་གཉིས་ཀ་བཞག་ནས་སྨན་ཁང་དུ་ཁྲིད་པ་དང་།    རིན་པོ་ཆེ་རང་ཉིད་ཀྱི་གྲྭ་ཚང་གི་ཞལ་ལག་སྐལ་བ་བག་ལེབ་གཅིག་ལས་མེད་ནའང་བགོ་བཤའ་གནང་ཞིང་།  དེའི་སྐབས་སུ་ཐབ་ནི་ས་ཅུང་ཟད་དྲུད་ཅིང་དེའི་སྟེང་གི་སྟབས་བདེའི་ཐབ་ཅིག་མ་གཏོགས་མེད།     
རིན་པོ་ཆེ་དང་ཁོང་གི་དགེ་ཕྲུག་དང་ཞབས་ཕྱི་དབར་གྱི་འབྲེལ་བ་དངོས་སུ་མཇལ་རྒྱུ་བྱུང་བ་ནི་ཟླ་མེད་ཉམས་ཐོག་གི་བཤེས་གཉེན་བསྟེན་ཚུལ་གྱི་སློབ་གསོ་ཞིག་ཡིན་པས་གུས་མོ་རང་གི་མི་ཚེ་གཅིག་གི་ནང་སྐལ་བ་བཟང་ཞིང་།  བསླབ་བྱའི་ཁེ་དབང་ཆེན་པོ་ཞིག་ཐོབ་སྟེ།  དེ་ནི་བོད་པ་མིན་པའི་ཁྱིམ་པ་ཉུང་ཤས་ཤིག་ལ་མ་གཏོགས་ཐོབ་པ་མི་སྣང་ཞིང་དངོས་འབྲེལ་བྱས་ན་དེང་སང་གི་བོད་པ་ཚོ་ལའང་དེ་བཞིན་ནོ།    །དེ་འདྲ་མཇལ་བ་ནི་ཆོས་པོ་ཏི་མང་པོས་ཚུལ་བཞིན་འདང་ངེས་བརྗོད་མི་ནུས་པར་གོ་བར་བྱེད།   ལྷག་པར་དུ་གཞི་གཏིང་དུ་དངོས་ཤུགས་གང་ཐད་ནས་བྱུང་སོང་ཚོད་རྩིས་བརྗེས་རེས་ཀྱི་རེ་འདོད་ཀྱིས་བསྐུལ་ཞིང་།    དགེ་བའི་བཤེས་གཉེན་དང་དེའི་བསྔོ་སྨོན་བྱིན་རླབས་དག་ལ་གུས་བཀུར་དང་བླ་མའི་མན་ངག་རྒྱུན་སོགས་གཙིགས་ཆུང་དུ་ལྟ་བའི་ཞན་ཆ་ཅན་གྱི་དེང་རབས་ཀྱི་ཤེས་ཡོན་སློབ་གསོ་བ་རྣམས་ལ་བསླབ་བྱ་ཞིག་ཐོབ།    དེང་སྙིགས་མའི་དུས་འདིར་དགེ་བའི་བཤེས་གཉེན་གྱི་གཤེ་གཤེ་དང་ཚིག་རྩུབ་རྣམས་ཀྱང་ཐུགས་བརྩེའི་དབང་གིས་རིན་ཐང་ཅན་དུ་གོ་བ་ལ་བསོད་ནམས་ཆེས་ཆེན་པོ་དགོས་ལ་རིན་པོ་ཆེའི་དགེ་ཕྲུག་དང་ཞབས་ཕྱི་རྣམས་ནི་བསོད་ནམས་ཤིན་ཏུ་ཕུན་སུམ་ཚོགས་པ་དང་ལྡན་པར་ངེས།  
རིན་པོ་ཆེ་མཐོ་སློབ་བཞུགས་ཡུན་རིང་ཁོང་གི་ཞལ་རས་ལ་འཛུམ་དམུལ་ཆེ་ཤོས་ནི་བདག་གིས་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་ནས་ཡིན་པ་ལྡི་ལི་བོད་ཁང་གི་འགན་འཛིན་བདག་གི་རྒན་དགེ་བཤེས་རྡོ་རྗེ་དགྲ་འདུལ་མཆོག་གི་སྐུ་དཔར་ཁོང་ལ་སྤྱན་འབུལ་ཞུ་སྐབས་བྱུང་།     དགེ་བཤེས་ལགས་ནས་རྒྱུན་སྲིང་སློབ་ཁྲིད་གནང་བའི་ནཱ་ལནྡཱ་གཙུག་ལག་སློབ་དཔོན་སློབ་ཚན་ Nalanda Masters Course (NMC) དང་། གཞན་ཤོག་ཁག་གསུམ་ཅན་གྱི་ནཱ་ལནྡཱ་ཕྱག་འཁྱེར་སློབ་ཚན་ Nalanda Diploma course (NDC)ལ་ཞུགས་པའི་རྒྱལ་ཁབ་མི་རིགས་ཡོངས་སུ་འཛོམས་པའི་སློབ་ཕྲུག་  ༢༠༠༠ བརྒལ་བའི་གཙུག་ལག་སློབ་གཉེར་ཁང་གཅིག་ལ་མི་གཅིག་གིས་སྟངས་འཛིན་གནང་།  ༧གོང་ས་མཆོག་གི་ཆེས་ཤེས་ཡོན་ཅན་གྱི་དགེ་བཤེས་རྣམས་ཨིན་ཇི་སྦྱོང་རྒྱུའི་དགོངས་གཞི་ཡང་དགེ་བཤེས་ལགས་ནས་ཇི་ལྟར་ཆེས་གཟི་བརྗིད་དང་གྲུབ་འབྲས་ལྡན་པ་གནང་བ་ལྟར་ཡོང་རྒྱུའི་ཐུགས་རེ་ཡིན་པ་ངེས།    ང་ལྡི་ལིར་གནས་སྡོད་ལས་ཀ་འགྲིམ་བཞིན་པའི་རྒྱ་གར་བ་ཞིག་ཡིན་པའི་ཆ་ནས་དགེ་བཤེས་ལགས་ཁོང་ལྟ་བུ་མཁྱེན་པའི་བདག་ཉིད་ཅིག་ཕྱི་རྒྱལ་དུ་སློབ་ཁྲིད་གནང་བར་ཕེབས་སླ་མོད།  ཕྲན་རང་ཚོ་བློས་མ་བཏང་བར་བཀྲིན་བླ་མེད་དུ་ཆེ་ཞུ།   ཕྱི་ལོ་ ༢༠༢༢ སྟེ་དེང་ཆར་ཆོས་བརྒྱུད་དེ་ནས་༧ གོང་ས་མཆོག་གི་དགོངས་གཞི་ལྟར་གྱི་ཆོས་འཆད་ཀྱང་ཨིན་ཇི་ཆུ་ཚད་སོན་པ་གཞན་མང་པོ་མ་མཐོང་།    གོང་ས་མཆོག་གི་ཐུགས་དགོངས་དམ་བཅའ་བཞི་པ་རྒྱ་གར་འཕགས་པའི་ཡུལ་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཉམས་པ་སོར་ཆུད་ལ་ཤིན་ཏུ་ནས་གལ་ཆེ་ཞིང་།  ནང་པའི་ཆོས་ལ་དོ་སྣང་དང་ཡིད་མགུ་བ་རྒྱ་གར་གྲོང་ཁྱེར་ཁག་ཏུ་ཡོད་པའི་རྒྱ་གར་བ་རྣམས་ལ་ཞབས་འདེགས་ཞུས་པ་ལ་དེ་ལེགས་བཅོས་ཡོ་བསྲང་ངེས་པར་བྱེད་དགོས།  དགེ་བཤེས་ལགས་ནས་སྐུ་བགྲེས་རྒན་གཞན་ཚོ་ལ་ཕུལ་བ་ལྟར་རིན་པོ་ཆེ་ལའང་བདེ་ཞིང་དམིགས་བསལ་གྱི་དབུ་སྔས་ཤིག་བསྐུར།    རིན་པོ་ཆེས་དགེ་བཤེས་ལགས་ཀྱི་སྔར་གྱི་དགེ་ཕྲུག་རྣམས་ལ་འཆད་ཁྲིད་ཀྱི་མཛད་བཟང་ལ་དགའ་སྤྲོ་ཚད་མེད་གནང་། རང་ཉིད་ཀྱི་དགེ་བའི་བཤེས་གཉེན་རྣམས་ལ་དོན་དམ་པར་གུས་བརྩིའི་སྒོ་ནས་དེ་དག་གིས་གང་ལམ་སྟོན་རྣམས་རང་ཉིད་ཀྱིས་བསམ་བློ་གཏོང་བ་དང་།  དེ་བཞིན་དེ་དག་རང་ཉིད་དང་རང་ཉིད་ཀྱི་མི་ཚེ་ལ་སྦྱར་བ་མ་ཟད་གསུང་རབ་དག་གི་ངེས་དོན་གྱི་བརྗོད་བྱ་རྟོགས་ཐབས་དགོས་པ་གལ་གནད་ཆེན་པོ་ཡིན་པའང་རིན་པོ་ཆེས་གསལ་བར་མཚོན་པར་བྱེད་ལ།   ཁོང་གིས་དགེ་ཕྲུག་རྣམས་ལའང་བསླབ་བྱ་འདི་ལྟར་གནང་།   དམ་པའི་ཆོས་ཀྱི་ཚིག་ཐོས་པ་དང་ཐོས་པའི་གོ་རྟོགས་ཙམ་གྱིས་མི་ཆོག་ལ།    དེ་ལྟར་ཡིན་པ་རིག་པས་ཚོར་མི་ཐུབ་པའི་ཁར་ཀུན་བརྟགས་ཀྱི་འཛིན་པ་ཡོད་ན་དེ་ནི་ལྷུང་སླའི་སྙི་དོང་འདྲ་ཞིག་ཏུ་འགྱུར།    དེ་འདྲར་སོང་ཙང་རིན་པོ་ཆེ་དང་འཁྲུལ་ཞིག་རིན་པོ་ཆེའི་གནད་དོན་འདིའི་ཐད།   ལྟ་བ་ནམ་མཁའ་ལྟར་རྒྱ་ཆེ་བ།   ལག་ལེན་འབྲུ་རྡོག་ལྟར་ཕྲ་བས་མི་འགྲིག་པར་གདན་སའི་མཁས་དབང་དགེ་བཤེས་འགའ་རེས་ཀྱང་ཉམས་ལེན་ཆེ་ཙམ་གནང་དགོས་ལུགས་ཀྱི་བཀའ་མོལ་ལས་འཕྲོས་ཏེ་༧གོང་ས་མཆོག་ནས་ཀྱང་སྐུ་རྩེད་དང་སྦྲགས་ལན་མང་བཀའ་བཀྱོན་ཕེབས་པ་སོགས་གསུངས།   རྨད་བྱུང་ལྟ་གྲུབ་འདི་ལྟ་བུ་འཛིན་པ་མངའ་ཞིང་འཚོ་བཞུགས་གནང་བའི་རིན་པོ་ཆེ་མཇལ་འཕྲད་བྱུང་བ་ཉིད་ཀྱིས་བདག་ལ་དངོས་སུ་གནང་བའི་ཆོས་ཀྱི་སློབ་ཁྲིད་ལས་གདམས་ངག་ཅིག་ཐོབ།  དེ་མཚུངས་སྙུང་གཞིའི་སྐབས་ཀྱང་རིན་པོ་ཆེ་ནས་རང་ཉིད་ཀྱི་ཞལ་ཟས་ལས་བརྩེ་བའི་མ་གྱུར་ཡི་དྭགས་དང་དམྱལ་བའི་འགྲོ་བ་རྣམས་ཀྱི་ཆེད་དུ་ལན་ཆགས་ལ་གྲ་སྒྲིག་དུས་ཚོད་མང་བར་གཏོང་གནང་མཛད།     ཁོར་ཡུག་སྲུང་སྐྱོབ་སོགས་ལ་ཡང་དཔེ་གསར་གྱི་འབོད་སྒྲ་ལྟ་བུ་མ་ཡིན་པར་ཆེས་སྔ་རོལ་ནས་སྣོད་བཅུད་ཀྱི་རྟེན་འབྲེལ་རྩ་འཛིན་ཐོག་ལོངས་སྤྱོད་ལ་མཁས་པའི་བསྲི་ཚགས་ངང་བཞུགས།       གློག་དང་ལག་ཕྱིས་ཤོག་བུ་སོགས་གང་ཐད་ནས་འཕྲོ་བརླག་སོགས་བག་མེད་ལོངས་སྤྱོད་ལ་གཏན་ནས་མི་མཉེས།     ཉིན་མོར་རིན་པོ་ཆེ་སར་དུས་ནམ་ཞིག་ཚེ་བཅར་ཡང་ཁོང་གཟིམས་ཁྲི་ཐོག་ཏུ་ཙོག་པོར་བཞུགས་སྟེ་སྒོམ་མམ་བཀའ་ཆོས་གསན་པའམ། ཡང་ན་གཟུངས་སྔགས་འདོན་གནང་བ་ལས་གཏན་ནས་མི་གཟིམས།    རིན་པོ་ཆེའི་ཉིན་རེའི་རང་ཉིད་ཀྱི་ཁས་བླངས་དམ་ཚིགས་སོགས་ལ་དོ་བརྟན་ཞིབ་ཚགས་དང་།  རྒྱུད་སྨད་མཁན་ཟུར་རིན་པོ་ཡིན་པས་ཉམས་རྟོགས་ཀྱི་ཆུ་ཚད་ཚོད་ག་ལ་བཟུང་ནུས།    འོན་ཀྱང་རིན་པོ་ཆེ་ནས་ཕྱི་ལ་སྔགས་ཀྱི་རྣལ་འབྱོར་པ་ཞིག་ཡིན་པའི་རྣམ་པའམ་རྟགས་དང་ཕྱག་མཚན་ནམ་ཡོ་ཆས་སོགས་གང་ཡང་དུས་རྟག་ཏུ་སྟོན་པར་མི་གནང་ངོ་།།  རིན་པོ་ཆེའི་ཆེས་ཕུལ་དུ་བྱུང་བའི་ཚུལ་ཁྲིམས་རྣམ་པར་དག་པའི་རྒྱུན་རྟགས་བརྗིད་ཆགས་ཀྱི་རང་གཤིས་ནི་དོན་དམ་པར་བདག་ལ་བློ་སྤོབས་སྐྱེད་བྱེད་ཆེན་པོ་ཞིག་དང་།  དེའི་ལྷན་དུ་ཐོས་བསམ་དང་རྟོག་དཔྱོད་རྒྱུ་མཚན་རྣམས་དང་།  རིན་པོ་ཆེ་དགུང་ལོ་༧༠ འགོ་སྟོད་དུ་རྒྱུད་སྨད་མཁན་ཐོག་སྐབས་མཁན་པོའི་ཆོས་འཆད་ཉན་ལ་མཁོ་བའི་ཤོག་ལྷེ་ ༧༠༠ བརྒལ་བའི་དཔེ་ཆ་༼རྣམས་ཞོགས་པ་སྔ་པོ་༽ཆུ་ཚོད་༢ པར་བཞེངས་ཏེ་བློ་འཛིན་གནངབའི་ཆོད་སེམས་ཡིད་ཆེས་དང་དད་གུས་སོགས་ཆ་སྙོམས་མཉམ་བསྲེས་ཀྱིས་མཐའ་གཉིས་སུ་མ་ལྷུང་བར་འཇུག   །རིན་པོ་ཆེས་ཕར་ཚུར་ཕེབས་སྐབས་དང་ཕྲན་ལ་སློབ་ཁྲིད་གནང་བར་ཚེས་གྲངས་བཟང་མིན་སོགས་གཟིགས། 
ཞི་གནས་ཀྱི་དམིགས་པར་སངས་རྒྱས་ཀྱི་སྐུ་སྒོམ་དགོས་མིན་གྱི་དྲི་བ་ཞུས་པས་རིན་པོ་ཆེའི་ཞལ་རས་དེ་མ་ཉིད་དུ་འོད་སྣང་གིས་ཁེངས་པར་བྱས་ལ།   དེས་རིན་པོ་ཆེའི་སྔ་མའི་གནས་སྐབས་ཀྱི་གནས་དོན་རྣམས་དྲན་པའི་ཡུལ་དུ་བྱས་སོང་གསུངས་ནས་༧གོང་ས་ལྔ་པ་ཆེན་པོས་མཛད་པའི་འཇམ་དཔལ་ཞལ་ལུང་གི་ཆོས་ཚན་ཞིག་ཀློག་པར་སྐུལ་མ་གནང་།    རིན་པོ་ཆེས་ཉམས་རྟོགས་ཡོད་མིན་གྱི་མཁྱེན་པ་ཀུན་ལ་སྨྲ་བ་ཆེས་ཉུང་ལ་སྙོམ་ཆུང་བ་དང་ཐུགས་བཅོས་ལྷོད་དང་བྲལ་བ་ཡིན་པས།   ཀ་ན་ཊ་ཀ་གཞུང་གི་ཀ་ཝེ་རི་ཚོང་ཁང་གི་ཙན་དན་ཕྲེང་བའི་ཕྱག་རྟགས་ཙམ་ཞིག་གིས་ཐུགས་མཉེས་པར་བྱས་ཤིང་ངོ་མཚར་དང་བཅས་ཤངས་དང་ཉེ་བར་བྱས་ཏེ་དེའི་དྲི་སྣོམ་པ་གནང་།    རིན་པོ་ཆེའི་ཁྱད་ཆོས་ནི་འདི་ལྟ་བུ་ཞིག་གོ། 
རིན་པོ་ཆེ་ནི་ཆོས་ཉམས་ལེན་ཁོ་ནའི་སླད་དུ་འཚོ་བཞུགས་གནང་བ་སྟེ་རྗེ་བཙུན་སྒྲོལ་མའི་གཟུངས་སྔགས་གསོལ་འདེབས་སུ་ཚེ་རིང་པོ་འཚོ་བར་གསོལ་བ་འདེབས་ཤིང་།   དེ་ཡང་ཚེ་རིང་བ་ཙམ་མིན་པར་རང་ཉིད་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ཚོགས་གཉིས་ཡོངས་སུ་རྫོགས་པའི་ཆེད་ཡིན་པར་གསུངས་པ་བདེན་པ་བྱས་པའོ།   །རིན་པོ་ཆེ་དགུང་ལོ་བགྲེས་པོར་ཕེབས་ཀྱང་བོད་དུ་ཐེངས་ལྔ་ཙམ་ཕེབས་ཏེ་གནས་སྟངས་ཆེས་དཀའ་ཚེགས་ཅན་འོག་ཟླ་བ་བསྟུད་མར་བཞུགས་ནས་བཀའ་ཆོས་གནང་།   རིན་པོ་ཆེ་གང་ཕེབས་སར་ཁོང་རང་ཉིད་ལ་  གོང་ས་མཆོག་གིས་བོད་གངས་ཅན་སྐྱེ་འགྲོ་རྣམས་ལ་བྱིན་གྱིས་བརླབས་པར་དམིགས་ཏེ་གནང་བའི་ཕྱག་ཕྲེང་རྒྱུན་དུ་བསྣམས།    རིན་པོ་ཆེ་བོད་དུ་ཕེབས་ཐེངས་རེར།  དང་ཐོག་མ་ཕེབས་གོང་དང་ཕྱིས་ཚུར་འཁོར་སྐབས་༧ གོང་མཆོག་གི་བཀའ་སློབ་ལམ་སྟོན་དང་ཁོང་གི་ཕ་ཡུལ་གྱི་ཉམས་མྱོང་གནས་ཚུལ་རྣམས་སྙན་གསན་ཞུ་སླད་དུ་མཇལ་ཁ་བཅར།   དོན་རྐྱེན་མང་པོའི་ཁྲོད་ནས་བརྗེད་དུ་མེད་པའི་བྱུང་རྐྱེན་བརྒྱུད་ནས་ཕྲན་རང་གིས་རིན་པོ་ཆེའི་ཐུགས་སེམས་རྩེ་གཅིག་ཏུ་ལས་རྒྱུ་འབྲས་དང་དམ་པའི་ཆོས་ལ་གུས་བརྩི་དང་དགའ་ཞེན་ཡོད་པ་རྣམས་མཇལ། དེ་ཡང་རིན་པོ་ཆེ་ཐོག་མར་མཇལ་དུས་ནས་བདུན་ཕྲག་གཉིས་ལྷག་ཙམ་གྱི་རྗེས་ཏེ་༢༠༢༡ ཕྱི་ཟླ་ ༡༠  ཚེས་  ༢༢  དགོང་མོ་ཆུ་ཚོད་བདུན་དང་སྐར་མ་ཞེ་ལྔ་ཙམ་ལ་རིན་པོ་ཆེ་མཇལ་ཁར་བཅར་སྐབས་གཟིམ་གྲབས་ཀྱིས་འཕྲེད་ཉལ་ལ་བཞུགས།  ཕྲན་རང་ནས་རིན་པོ་ཆེར་གུས་ཕྱག་འཚལ་བ་ཙམ་ཉིད་སྐལ་བ་བཟང་ལ་དེ་ནས་ཐོན་འགྲོ་སྙམ།   འོན་ཀྱང་རིན་པོ་ཆེས་ང་གཟིགས་མ་ཐག་ཞབས་ཕྱི་རྣམས་ལ་ཉིན་དེར་ཚེས་བཟང་ཞིག་ཡིན་པར་བརྟེན་རིན་པོ་ཆེ་ཙོག་པོར་བཞུགས་སུ་བཅུག   །ཚེམས་ཚབ་རྣམས་ཀྱང་བཙུགས་གནང་ནས་བདག་ཁྱིམ་པ་བུད་མེད་འབྲེལ་མེད་གཅིག་ལ་བྱང་ཆུབ་སེམས་དཔའི་ལག་ལེན་སོ་བདུན་མའི་ཤོ་ལོ་ཀ་དང་པོ་བཞི་སློབ་ཁྲིད་གནང་།     ཡང་ཁོང་ནས་བྱང་ཆུབ་སེམས་ཀྱི་རྩ་ཆེན་བསླབ་བྱ་རྣམས་ཉམས་ལེན་མངོན་དུ་བྱ་བའི་ཐུགས་བརྩེའི་སྨོན་ལམ་དང་བཅས་ངའི་མཆོད་ཁང་གི་ཆེད་དུ་བརྗིད་ཆགས་ལྡན་པའི་སྒྲོན་མེ་གཅིག་དང་ཤམ་བུ་སོགས་གནང་།       ཕྲན་ལོ་ན་ཧ་ཅང་ཆུང་ཞིང་བདེ་ཐང་ཡིན་མོད་ཀྱང་སྐབས་མང་པོར་ལེ་ལོས་དབང་དུ་སྡུད་པར་བྱེད་སྐབས་རིན་པོ་ཆེའི་མཛད་བཟང་འདི་དག་དྲན་པར་བྱེད་ཀྱི་ཡོད།  
ངང་ཚུལ་འདི་ལྟ་བུའི་ཐོག་རིན་པོ་ཆེ་ནས་མཐའ་སྐོར་གླིང་གཅིག་པའི་བྷེང་ལོར་སྨན་རྩིས་ཁང་དུ་མཐོ་སློབ་གསར་པར་བྱིན་གྱིས་རླབས་པ་ཕེབས་པའི་ཞལ་བཞེས་གནང་།   ཕྱི་ཟླ་ ༡༡ པའི་འགོ་སྟོད་ལ་ཕྱི་ལུགས་སྨན་པར་བློ་དྭོགས་སེལ་བའི་སླད་དུ་རིན་པོ་ཆེའི་སྨན་ཡིག་རྣམས་བསྟན་སྐབས་ཁོང་ནས་རིན་པོ་ཆེའི་གནས་སྟངས་ཤིན་ཏུ་ཛ་དྲག་ལ་ན་ཟུག་ཤུགས་དྲག་ཡོང་ངེས་པས་སྐུ་ཚེ་འཕྲོ་ལྷག་རིང་རིན་པོ་ཆེས་ཐུགས་འདོད་ཡོད་ཚེ་ལམ་སང་གྲྭ་ཚང་དུ་གདན་འདྲེན་ཞུ་བ་སོགས་རིན་པོ་ཆེ་ཐུགས་དགོངས་གང་ཡོད་གནང་བཅུག་ན་ལེགས་ཚུལ་གསུངས།    རིན་པོ་ཆེའི་དགེ་ཕྲུག་དང་ཞབས་ཕྱི་རྣམས་ཁོང་གི་སྙུང་གཞི་དྲག་བསྐྱེད་ཐད་རེ་བས་ཟིན་ནས་ཡོད་པ་དང་།   ཕྲན་རང་གི་འདོད་པར་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དུ་ག་དུས་ལོག་མིན་ཁོང་རྣམ་པ་ཁོ་ནས་ཐག་གཅོད་ཡོང་གི་རེད་བསམས་ནས་ལྡི་ལི་སྨན་པའི་ནད་ཀྱི་སྔོན་རྟགས་བསམ་ཚུལ་རྣམས་ཁོང་རྣམ་པར་མ་ཞུས།   རིན་པོ་ཆེ་ནས་འབད་བརྩོན་ཆེན་པོས་སྐལ་ལྡན་སྨན་རྩིས་ཁང་སློབ་ཕྲུག་རྣམས་ལ་ཁོང་ཚོའི་ལས་ཀ་གལ་ཆེ་ཤོས་ནི་ནད་པར་བྱམས་བརྩེའི་ངང་ནས་ཞབས་འདེགས་ཞུ་དགོས་པ་སློབ་ཁྲིད་བཀའ་སློབ་དང་ངལ་བ་འཛེམས་མེད་ཀྱིས་ཚང་མར་ཕྱག་དབང་བྱིན་རླབས་གནང་།    དེ་དག་ལ་སོགས་པའི་ཚེ་ཡང་ཟུག་བཅག་སྨན་ལ་མ་བརྟེན་ཀྱང་སྨན་པས་ཤུགས་དྲག་ནད་རྟགས་ཡོང་ངེས་གསུངས་པ་རྣམས་མེད་པར་མཇལ་བ་འདི་ཡང་ཕུལ་བྱུང་གི་བྱང་ཆུབ་སེམས་ཀྱི་ཉམས་ལེན་ཞིག་མཐོང་།  རིན་པོ་ཆེར་ཆེས་འབུར་ཐོན་གྱི་ཡོན་ཏན་གཞན་ཞིག་ནི་འགྲོ་བ་ཀུན་ལ་བཏང་སྙོམས་མངོན་གསལ་ཅན་དེ་རེད།   ཁོང་གི་ཁྲག་འཐེན་མཁན་ཡོང་མི་ཀ་ན་ཊ་ཀ་བ་དེ་དང་།གུས་མོར་ཉིན་ལྟར་ཆུ་ཚོད་གཉིས་ཙམ་རོགས་བྱེད་མཁན་རྨོ་རྨོ་ཨ་མ་ལག་ཤི་མི་ཚང་མ་ལ་རིན་པོ་ཆེའི་གཟིམས་ཁྲི་འགྲམ་གྱི་ཚོགས་མཆོད་ཤིང་ཏོག་གནང་ཡུལ་ཡིན་ལ།    ཁོང་རྣམས་ཕན་ཚུན་གོ་བརྡ་འཕྲོད་པའི་སྐད་ཡིག་མི་ཤེས་་ཤིང་།   བོད་ཀྱི་ནང་པའི་བླ་མ་དང་གཏན་ནས་འབྲེལ་བ་ཆགས་མེད་ཀྱང་གཅེས་སྐྱོང་གནང་བ་དེ་ལྷན་སྐྱེས་ཀྱི་རིགས་པས་ཤེས་ཐུབ།   རིན་པོ་ཆེའི་སྐུ་མདུན་སར་ཨ་མ་ལག་ཤི་མི་མོ་རང་གི་ཚ་བོ་ཚ་མོ་རྣམས་ལ་ལྟོ་སྟེར་བར་འགྲོ་རྒྱུ་ཡང་བརྗེད་འགྲོ།     རྗེས་སུ་མོས་མོ་རང་གིས་མི་རྩ་ཆེན་ལ་བེད་སྤྱོད་བྱེད་པའི་ཐ་སྙད་དེ།      སོ་མིི་ཞེས་རིན་པོ་ཆེ་གང་འདྲ་འདུག་གམ་བདེ་པོ་ཡིན་ནམ་ཞེས་ཡང་ཡང་དྲིས་བྱུང་།   རིན་པོ་ཆེའི་ཞབས་ཕྱི་རྣམས་ཀྱིས་མོའི་ནང་མི་ཆེད་ཤིང་ཏོག་དང་ཁ་ལག་སོགས་གནང་ཚེ་མོས་འཛུམ་མདངས་ཆེན་པོས་དང་ལེན་ཞུས། དེ་དང་དུས་མཚུངས་རིན་པོ་ཆེའི་གཟིམས་ཁྲི་འགྲམ་གྱི་ཅོག་ཙེ་ནི་གདན་ས་འབྲས་སྤུངས་དང་།    རྒྱུད་སྨད་གྲྭ་ཚང་སོགས་ནས་མཇལ་བཅར་བ་རྣམས་ཀྱིས་ཕུལ་བའི་སྟོན་པ་ཤཱཀྱ་ཐུབ་པ།  ཚེ་དཔག་མེད་དང་སྒྲོལ་མ་སོགས་ཆེས་ནུས་མཐུ་ཅན་གྱི་སངས་རྒྱས་ཀྱི་སྐུས་ཁེངས།    འབྲས་སྤུངས་བློ་གསལ་གླིང་མཁན་རིན་པོ་ཆེ་དགེ་བཤེས་བློ་བཟང་བསམ་གཏན་མཆོག་མཐོ་སློབ་ཏུ་ཆེད་མངགས་མཁན་ཟུར་རིན་པོ་ཆེ་མཇལ་བཅར་གྱིས་རིན་པོ་ཆེའི་སྐུ་གཟུགས་གནས་སྟངས་བཀའ་འདྲི་དང་གཟིགས་རྟོག་གནང་བར་ཕེབས།   རིན་པོ་ཆེ་སྔོན་རྒྱུད་སྨད་གྲྭ་ཚང་གི་མཁན་ཐོག་སྐབས་སུ་སྒྲིགས་ལམ་དང་སློབ་གཉེར་ཐོག་གཙིགས་ཆེར་གནང་སྐབས་དགེ་འདུན་པ་ཁག་གཅིག་གིས་དཀའ་ཁག་དང་དགོས་མེད་ལྟ་བུར་མཐོང་མོད།      འོན་ཀྱང་མཁན་པོ་ཚར་རྗེས་ཀུན་གྱིས་ཆེས་ཡི་རངས་བསྔགས་བརྗོད་ཀྱིས་ལེགས་བཅོས་གནང་བར་གསུངས།   དེའི་ཕྱིར་བཀའ་དྲིན་མཚོན་བྱེད་དུ་རྒྱུད་སྨད་གྲྭ་ཚང་ཕྱག་མཛོད་དགེ་བཤེས་ལྷུན་གྲུབ་བརྩོན་འགྲུས་སོགས་ཕྱག་མཛོད་མང་པོ་ཞིག་མཇལ་བཅར་ཞུས།     སེར་བྱེས་ཏྲེ་ཧོར་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་བློ་བཟང་བདེ་ལེགས་མཆོག་ཀྱང་མཐོ་སློབ་ཏུ་རིན་པོ་ཆེར་ཐུག་འཕྲད་ལ་ཕེབས།  གཞན་ཡང་།   རིན་པོ་ཆེ་རང་ཉིད་ཀྱི་དགེ་བའི་བཤེས་གཉེན་གྱི་ཡང་སྤྲུལ་བསྟན་འཛིན་དབང་ཕྱུག་རིན་པོ་ཆེ་མཆོག་གིས་བྱིན་རླབས་སོགས་བསྣམས་ཏེ་མཇལ་བཅར་ཕེབས།   དགོན་པ་གྲྭ་ཚང་གང་སར་རིན་པོ་ཆེའི་ཆེད་དུ་དཔལ་རྡོ་རྗེ་འཇིགས་བྱེད་དང་།  འཕགས་མ་སྒྲོལ་མ།  ཡི་དམ་ལྷ་ཚོགས་དུ་མའི་གསོལ་འདེབས་སྟོབས་ལྡན་མང་པོ་བསྒྲུབས་པ་སོགས་དགོན་པ་ཁག་ཀུན་ལ་མཆོད་འབུལ་དོ་བརྟན་གྱིས་གྱ་ནོམ་པ་གནང་།རྒྱུན་དུ་ཕྲན་རང་ནས་རིན་པོ་ཆེ་ལ་འབུལ་བ་ཉུང་ངུ་གང་འདྲ་ཞིག་འབུལ་ཐབས་བྱས་ཀྱང་ཁོང་གིས་ཁྱེད་ཀྱིས་ང་ལ་ཕུལ་བ་དེ་ད་ངས་ཁྱེད་ལ་སྦྱིན་ཞེས་གསུངས་ཏེ་ལམ་སེང་ཚུར་ཕྱིར་ལོག་གནང་གི་འདུག   རིན་པོ་ཆེས་མཐོ་སློབ་ཀྱི་ཁོར་ཡུག་ཁྱོན་ཀུན་བརྗིད་ཆགས་པར་གནང་བས་ཕྲན་རང་གིས་ཀྱང་རིན་པོ་ཆེའི་སྐལ་བཟང་དགའ་སྤྲོའི་ངང་མཐོ་སློབ་ཏུ་ཡུན་རིང་བཞུགས་རྒྱུ་ལ་གོམས་པར་བྱས་ན་སྙམ།   དེ་ཡང་རིན་པོ་ཆེ་དངོས་སུ་བཞུགས་པས་རེག་ཐོགས་ཀྱིས་བཟུང་དུ་མེད་ཀྱང་ཕྱོགས་ཡོངས་ནས་མཐོ་སློབ་ཏུ་དམ་པའི་ཆོས་ཀྱི་བྱིན་རླབས་འཇུག  །གུས་མོ་རང་ནས་རིན་པོ་ཆེ་འབྲས་སྤུངས་བློ་གསལ་གླིང་དུ་བདེ་བའི་ངང་ཕེབས་འབྱོར་གྱིས་དེར་བཞུགས་ཁོང་གི་ཆོས་གྲོགས་གནས་བརྟན་བགྲེས་པ་འགའ་རེ་རང་ལོ་༨༠ ཡི་ནང་ཕེབས་པ་དང་།  གཞན་སློབ་མ་དང་ལྷན་འཛོམས་ལ་བསམ་ཤེས་དང་དགའ་སྤྲོ་ཡོད་པ་དེ་ལྟར་ཡང་།    གུས་མོ་དང་མཐོ་སློབ་ནས་རིན་པོ་ཆེ་ལ་སྣེ་ལེན་ཞུ་འདོད་ཀྱང་ཁོང་གི་བྱམས་བརྩེ་ཅན་གྱི་དགེ་ཕྲུག་དང་ཞབས་ཕྱི་རྣམས་ཀྱིས་རེ་འདོད་ལྟར་སྐུ་འཁོར་རྣམ་པ་ལྡོག་ཏུ་མེད་པས་དེ་ནས་ཕར་ཕེབས་རྒྱུ་ལ་ཉེ་བའི་སྐབས།  དགོན་པའི་ནང་དུ་གློ་བུར་དུ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་གྱིས་ཁོང་རྣམས་ཀྱི་ཐོན་ཚེས་ཅུང་ཕྱིར་འགྱངས་བྱུང་བས་ཁོང་ཚོ་དང་མཉམ་དུ་དུས་ཚོད་འཐོལ་པ་འདུག་རྒྱུ་བྱུང་བར་མི་དགའ་ཀ་མེད་དུ་གྱུར།  
སྐབས་དེ་མཚམས་ནས་ངས་འཆར་ཅན་དགེ་བཤེས་རྒྱལ་བསྟན་བཟང་པོ་དང་ལྷན་དུ་ལོ་ཙཱ་བ་རྒན་འཇམ་དཔལ་གྱི་བྱམས་བརྩེའི་དྲིན་ལ་བརྟེན་ནས་སྐད་ཆ་བཤད།  ངས་ཁོང་རྣམ་པའི་སར་རིན་པོ་ཆེའི་དཔེ་ཁྲིད་དང་བོད་དང་བཙན་བྱོལ་གྱི་སྐུ་ཚེའི་འགྲུལ་བཞུད།  མ་ཟད་ཁོང་རྣམས་མི་ཚེ་གང་པོར་རིན་པོ་ཆེའི་དྲུང་དུ་འཚོ་བ་ལ་བརྟེན་ནས་བྱུང་བའི་ཡོན་ཏན་རྣམས་ཤེས་འདོད་བྱུང་།   ཁོང་རྣམ་པས་ང་ལ་དུས་ཚོད་ཕངས་མེད་བཏང་ཞིང་རྒྱུས་མེད་མི་གསར་པ་གཞན་ལ་ཕལ་ཆེར་མི་བཤད་པའི་རིགས་བདག་ལ་གསུང་བདེ་པོ་གནང་སྟེ་བདག་ལ་ཆེ་མཐོང་གནང་།   བདག་གིས་དྲན་ཐེངས་ཤིག་ནི་རང་ལ་དགེ་བཤེས་རྒྱལ་བསྟན་བཟང་པོ་ལགས་ནས་རིན་པོ་ཆེའི་སྐོར་གསུང་སྐབས་ཁོང་གིས་རང་བློ་ཞི་ལྷིང་བཟུང་མོད་འོན་ཀྱང་ཁོང་གི་མིག་མིག་ཆུས་ཁེངས་པར་མཐོང་། 
དགེ་བཤེས་གྲགས་པ་ཤེས་རབ་མཆོག་གིས་རིན་པོ་ཆེའི་གསུང་ངམ་ལེགས་བཤད་འགའ་ང་ལ་གཏོང་ཕོད་ཆེན་པོའི་ངང་ནས་གནང་བ་མ་ཟད།  ཁོང་ལ་ཆེས་རྩ་ཆེན་དང་སྒེར་གནད་ཀྱི་ཉམས་མྱོང་དང་དགོངས་ཚུལ་གཞན་འགའ་ཡང་གསུང་སྐབས་བདག་དབང་མེད་ཀྱིས་ལན་མང་ངུས།    ཁོང་རྣམ་པས་སྦེལ་ཀོབ་ཏུ་བདག་ལ་ཆེད་མངགས་སུ་བོད་ཀྱི་ཕྱུ་པ་སྙིང་རྗེ་པོ་གཉིས་བཙེམས།   མ་ཟད་ངའི་ནང་གི་དྲིལ་བརྡ་སྒྲོག་པ་དང་ཁོང་རྣམ་པས་ང་ལ་ཆེས་སྤུས་ལེགས་ནང་བཟོས་བག་ལེབ་དང་དགོང་ཟས་སོགས་སྟེར་བ་གནང་།    ང་ལྡི་ལི་ནས་དྷི་ཝ་ལི་དགུང་སེང་ལས་ཚུར་མཐོ་སློབ་ཏུ་འབྱོར་སྐབས་ཁོང་རྣམ་པས་སྒེའུ་ཁུང་ནས་ང་འབྱོར་མིན་གཟིགས་ཤིང་ངའི་ཅ་དངོས་རྣམས་ངའི་ཤག་ཏུ་འཁྱེར་རོགས་གནང་།     ང་རང་གི་ཚོར་སྣང་ལ་ང་དང་རིན་པོ་ཆེ་དང་སྐུ་འཁོར་བར་གྱི་ལས་ཀྱི་འབྲེལ་བ་འདི་ནི་ཁྱད་མཚར་དང་དུས་མཚུངས་ཅི་ཡང་ཁྱད་མཚར་མིན་པ་ལྟ་བུ་སྟེ་ང་ཕལ་ཆེར་ལྷོ་ཕྱོགས་སུ་རིན་པོ་ཆེ་མཇལ་ཁ་ཡོང་བ་ལྟ་བུར་ཚོར།    ད་གཟོད་ཁོང་རྣམ་པས་ང་ལ་ཨ་ཅག་བསྟན་འཛིན་འོད་གསལ་ཞེས་འབོད་ཅིང་འདི་ནི་བདག་གིས་ཆེ་མཐོང་ཆེན་པོར་ཚོར། 
ངས་རྗེས་སོར་ངའི་རྒན་དགེ་བཤེས་རྡོ་རྗེ་དགྲ་འདུལ་མཆོག་ལ་རིན་པོ་ཆེའི་དགེ་ཕྲུག་དང་ཞབས་ཕྱི་རྣམས་དང་མཉམ་གཤིབ་ཀྱི་འབྲེལ་གཏུགས་ལས་བྱུང་བའི་འབུར་ཐོན་གྱི་གནད་དོན་གཉིས་ཞུས།   དེ་ཡང་དང་པོ་དོན་དམ་པར་ངས་དེ་སྔ་འཇིག་རྟེན་པའི་འཚོ་བའི་ཁྲོད་དུ་མཐོང་བའི་བརྩེ་བ་ཀུན་ལས་ཡོངས་སུ་འདས་པའི་ཁོང་རྣམ་པའི་རང་གི་དགེ་བའི་བཤེས་གཉེན་ལ་བློ་ལྷོད་མེད་དང་དྭངས་གཙང་གི་བརྩེ་བའོ།  །གཉིས་པ་སྟེ་ཁོང་རྣམ་པའི་དགེ་བའི་བཤེས་གཉེན་ཉིན་བཅུ་ཕྲག་དུ་མའི་རིང་སྙུང་གཞི་དྲག་པོ་བཞེས་ཤིང་ཁོང་དང་ལྷན་དུ་དུས་ངེས་ཅན་ཞིག་མ་གཏོགས་མེད་པར་མཐོང་བས་ཆོས་ལ་རྒྱུས་མངའ་གྲོགས་འདྲིས་མེད་པ་ཞིག་ལ་ཆ་མཚོན་ན་ཆེས་དཀའ་ཚེགས་ཅན་གྱི་དུས་ཚོད་ཞིག་ཡིན་མོད།   དེ་ལྟར་ནའང་ཁོང་རྣམ་པར་རྣམ་རྟོག་ཚད་བརྒལ་གྱི་གཤིས་སྤྱོད་མེད་ཅིང་རང་གི་ནུས་ཤུགས་དགོས་མེད་མ་རན་པའི་དོ་སྣང་ཕྱོགས་སུ་མ་དྲངས་ལ།     གཞན་ཡང་མ་འོངས་པའི་སྔོན་དཔག་སྟེ།   གང་ཞིག་ནམ་ཡོང་དེ་དུས་ང་ཚོས་ཅི་བྱེད་སོགས་འུ་ཅག་དེང་དུས་ཀྱི་ཤེས་ཡོན་ལམ་ལུགས་ལ་བསླབ་པ་རྣམས་འགོག་མེད་དུ་གོམས་པར་བྱེད་ཅིང་རང་ཅག་ལ་གནོད་རྐྱེན་དུ་གྱུར་པ་རྣམས་ཁོང་རྣམ་པར་མེད།   དེ་འདྲ་སོང་ཙང་ཁོང་རྣམ་པས་རང་གི་དགེ་བའི་བཤེས་གཉེན་དང་ཁོང་གི་རང་ལ་ཆོས་ཀྱི་སློབ་ཁྲིད་གནང་བར་བཀྲིན་ལེགས་སྐྱེས་ཆེ་ཤོས་སུ་གཞན་དག་གིས་སེམས་ཀྱི་ལྡོག་ལེན་བྱ་དཀའ་བར་ཁོང་རྣམས་སེམས་ཞི་ལྷིང་ངང་ཕྱག་ལས་ཆེས་མང་དག་ཅིག་བསྒྲུབ་ཐུབ།   འདིའི་བདེན་དོན་དེ་བས་མང་བ་ངས་ཟླ་ཐུང་འགའ་ཤས་རྗེས་མཐོང་ལ་དེའི་སྐོར་གཤམ་དུ་ད་དུང་འཆད་པར་སྤྲོ། 
Part 3(ཚན་པ་༣པ།) དེ་ནས་ཉིན་གཅིག་དགེ་བཤེས་རྒྱལ་བསྟན་བཟང་པོ་ལགས་ནས་གསུངས་དོན་ལ་བསམ་ཞིབ་གོ་བསྡུར་མང་པོའི་རྗེས་གལ་ཏེ་འཆར་གཞི་ལྟར་འགྲོ་ན་ཁོང་རྣམ་པ་བྷེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཏུ་འབྱོར་ནས་ཟླ་བ་གཉིས་ཏག་ཏག་སྟེ་༢༠༢༡ ཕྱི་ཟླ་ ༡༢ ཚེས་ ༤གཟའ་སྤེན་པ་ཉིན་མཐོ་སློབ་ནས་ཐོན་རྒྱུ་དང་།  ཕྱི་ཟླ་ ༡༢ ཚེས་  ཉིན་མོར་མོན་གྷོ་ལ་མཁའ་ལམ་བརྒྱུད་ཕེབས་ཐོན་འཆར་གཞི་ཡོད་ལ།   དེའི་སྔ་རོལ་ཏུ་ཕྱི་ཟླ ༡༢ ཚེས་༢ ཉིན་རིན་པོ་ཆེ་ནས་བཀྲིན་མཚོན་བྱེད་དུ་མཐོ་སློབ་དགེ་ལས་སློབ་ཕྲུག་ཡོངས་ལ་དམིགས་བསལ་གྱི་ཞོགས་ཟས་དང་། ཉིན་གུང་ཞལ་ལག་དང་། དགོང་མོའི་ཞལ་ལག་བཅས་དུས་གསུམ་གྱི་དཀར་ཟས་གསོལ་ཚིགས་གཟབ་རྒྱས་གཅིག་འབུལ་འདོད་འདུག་གསུངས།    ཁོང་རྣམ་པས་གསོལ་སྟོན་ཅི་གཤམས་ཡོད་པ་ཡིན་ནམ་མི་ཤེས།     ང་མཐོ་སློབ་ཏུ་ཡོད་པའི་རིང་རོ་བཅུད་ཞིམ་ལ་ཧ་ཅང་རྒྱས་པའི་བོད་ཀྱི་སྲོལ་རྒྱུན་གསོལ་ཚིགས་ལ་དེ་འདྲ་དགེ་ལས་སློབ་ཕྲུག་མང་པོས་བང་བསྒྲིགས་པ་མ་མཐོང་།    ངས་དགེ་ལས་སློབ་ཕྲུབ་རྣམས་ལ་བརྡ་ལན་གསལ་བསྒྲགས་འདི་ལྟར་བྱས། བརྩེ་བའི་དགེ་ལས་སློབ་ཕྲུག་རྣམ་པ།       བཀྲིས་བདེ་ལེགས།ངས་ཚོར་བ་ཡིད་འཁུལ་ཆེན་པོས་ཁྱེད་རྣམ་པར་ཞུ་རྒྱུ་ལ།  མཁན་ཟུར་རིན་པོ་ཆེ་མཆོག་ནས་དེ་རིང་གི་དུས་གསུམ་གྱི་གསོལ་ཚིགས་གནང་བ་མ་ཟད།  དེ་རིང་སྔ་དྲོར་ཁོང་ནས་ཏཱ་ལའི་བླ་མ་ཆེས་མཐོའི་ཤེས་ཡོན་ལྟེ་གནས་ཁང་ལ་སློབ་སྤྱི་ལས་ཁང་དུ་གཞག་རྒྱུའི་༧གོང་ས་མཆོག་གི་སྐུ་ཐང་གཅིག་དང་།   མཐོ་སློབ་ཞལ་འདོན་ཚོགས་ཡུལ་དུ་གཞག་རྒྱུའི་སློབ་ཕྲུག་ཚོའི་གསོལ་འདེབས་བྱ་ཡུལ་དུ་དཔལ་ལྡན་ལྷ་མོའི་སྐུ་ཐང་གཅིག་བཅས་སྐུ་ཐང་གཉིས་གསོལ་སྩལ་གནང་བྱུང་། མཁན་ཟུར་རིན་པོ་ཆེ་ནས་ང་ལ་གནང་བའི་ཁྱེད་རྣམ་པར་ཞུ་རྒྱུའི་བཀའ་སློབ་གསུང་འཕྲིན་གཤམ་གསལ།ཏཱ་ལའི་བླ་མ་ཆེས་མཐོའི་ཤེས་ཡོན་སྟེ་གནས་འདི་བཞིན་ཡར་རྒྱས་གོང་འཕེལ་འགྲོ་མུས་ཡིན་མོད་སྐུ་ཐང་དེ་དག་ནི་མཐོ་སློབ་སྲ་བརྟན་རྒྱུན་གནས་དང་།  དེས་མ་འོངས་པའི་ཡར་རྒྱས་གོང་འཕེལ་ཡོང་བ་བྱིན་གྱིས་བརླབས་ཕྱིར་ཡིན།  རིན་པོ་ཆེས་ང་ཚོས་རང་ལས་གཞན་གཅེས་པར་འཛིན་པ་དང་།   འགྲོ་བ་ཀུན་གཅེས་སྤྲས་བྱེད་པ་དང་མཉམ་དུ༧གོང་ས་མཆོག་གི་ལམ་སྟོན་བསླབ་བྱ་གཙོ་བོ་གཉིས་ཡིད་ལ་བཅང་དགོས།    དེ་ཡང་དང་པོ་ཆོས་ཐམས་ཅད་ཕན་ཚུན་རྟེན་ཅིང་འབྱུང་བ་དང་ཕན་ཚུན་འབྲེལ་བ་ཡིན་པ་ངེས་དགོས། གཉིས་པ་ནི་སྤྱོད་པ་འཚེ་བ་མེད་པའོ།  །རིན་པོ་ཆེས་ང་ཚོ་ཚང་མས་༧གོང་ས་སྐུ་ཕྲེང་ན་རིམ་དང་དཔལ་ལྡན་ལྷ་མོ་དབར་གྱི་འབྲེལ་བ་དམ་ཟབ་ཡོད་པ་ཤེས་གསལ་ལྟར།   རིན་པོ་ཆེས་རེ་སྐུལ་ལ་སློབ་ཕྲུག་རྣམས་ཀྱིས་དཔལ་ལྡན་ལྷ་མོ་ལ་གསོལ་འདེབས་ཞུ་དགོས་པ་དང་གལ་ཏེ་དེའི་གཟུངས་སྔགས་ཤེས་ན་འདོན་རྒྱུ་མ་ཟད་མཐོ་སློབ་ཏུ་ཡོད་པའི་དགེ་བཤེས་རྣམ་པས་ཟླ་རེར་དཔལ་ལྡན་ལྷ་མོའི་འཕྲིན་བཅོལ་གཏང་ཐུབ་ན་ལེགས་གསུངས།     རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་མཐུ་སྟོབས་མགོན་པོ་མཆོག་གི་ཆེས་གཏིང་ཟབ་པའི་ཤེས་རབ་དང་སྙིང་རྗེ།    སྦྱིན་པའི་གཏོང་ཕོད་དག་གིས་ཕྲན་ལ་སེམས་ཚོར་གཏིང་ཟབ་སྦྱིན།    འདིའི་རིང་མཁན་ཟུར་རིན་པོ་ཆེའི་སྐུ་མདུན་ནས་ཚོགས་མཆོད་ལྟ་བུའི་གསོལ་ཚིགས་ཐོབ་པ་དང་།  དེའི་སྟེང་རིན་པོ་ཆེའི་དྲུང་ནས་བྱིན་མཐུ་ཅན་གྱི་སྐུ་ཐང་དག་དང་འུ་ཅག་ཚང་མར་ལམ་སྟོན་གསུང་འཕྲིན་ཡང་བྱུང་བའི་རྟེན་འབྲེལ་ཧ་ཅང་བཟང་པོ་ཡིན་པས་ང་ཚོས་ཆེས་བསོད་ནམས་ཆེན་པོར་ཚོར་དགོས།    ཡང་རིན་པོ་ཆེས་ང་ལ་སློབ་ཕྲུག་ཚོ་ལ་སློབ་སྦྱོང་ལ་ཆེས་ཧུར་བརྩོན་བྱེད་དེ་༧གོང་ས་མཆོག་སྤོབས་པ་བསྐྱེད་པ་བྱེད་དགོས་ཞེས་སྐུལ་མ་བྱེད་ཤོག་ཅེས་གསུངས། ང་ཚོ་ཚང་མས་མཁན་ཟུར་རིན་པོ་ཆེར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྦྲགས།    དེ་འདྲའི་སྐུ་བགྲེས་བོད་ཀྱི་དགེ་བའི་བཤེས་གཉེན་ཆེན་པོའི་བཀའ་དྲིན་གསབ་པའི་ཐབས་ལམ་གཅིག་པུ་ནི་ཁོང་གི་བཀའ་སློབ་ཀྱི་རྗེས་སུ་འབྲང་བ་དང་རང་ཉིད་ཀྱི་མི་ཚེ་འདི་ལྟར་སྐྱེལ་བ་དེ་ཁོ་ན་ཡིན།   དེ་བཞིན་དུ་ང་ཚོ་ཚང་མས་མཁན་ཟུར་རིན་པོ་ཆེ་མོན་གྷོ་ལ་བདེ་ཐང་ངང་ཕེབས་ཤིང་།  སྐུ་གཟུགས་བདེ་ཐང་དང་སྐུ་ཚེ་ཡུན་རིང་བཞུགས་པའི་སྨོན་འདུན་ཞུ།ཨོྃ་ཏཱརེ་ཏུ་ཏྟཱ་རེ་ཏུ་རེ་མ་མ་ཨཱ་ཡུརྤུཎྱེ་ཛྙཱན་པུ་ཥྚིཾ་ཀུ་རུ་ཡེ་སྭཱཧཱ།།  རིན་པོ་ཆེའི་མཐོ་སློབ་ནས་ཕེབས་ཐོན་གྱི་སྔ་དྲོར་ཕྲན་རང་ནས་རིན་པོ་ཆེའི་སློབ་ཁྲིད་རྣམས་དྲན་གསོ་བྱས།   དམིགས་བཀར་གྱིས་སྡུག་བསྔལ་གཉིས་པ་སྟེ་འགྱུར་བའི་སྡུག་བསྔལ་ཐོག་དང་།   དེ་བཞིན་འགྱུར་བཅོས་ནི་མི་འདོད་པའི་འགྱུར་བའི་རང་བཞིན་ཅན་གྱི་ཡུལ་དངོས་པོ་ལ་མ་ཡིན་པར་རང་གི་བསམ་བློའི་ཁྱེར་སོའམ་ཡུལ་ཅན་བློ་ལ་གཏོང་དགོས་པའི་ཐད་ཡིད་ཤར་བྱས།  ངས་སྟོན་པས་གསུངས་པའི་ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞིའི་དང་པོ་དང་བདེན་པ་བཞིའི་རྣམ་པ་བཅུ་དྲུག་གི་དང་པོ་སྟེ་མི་རྟག་པ་དེ་དྲན་པར་དཀའ་ཚེགས་ཀྱིས་རྩོལ་ཤུགས་བྱས།   ངས་ཆོས་ཉམས་ལེན་དངོས་སུ་བླང་རྒྱུ་ཤིན་ཏུ་དཀའ་ཚེགས་ཡིན་ཚུལ་བསམ་ལ།   མཁན་ཟུར་རིན་པོ་ཆེས་ནི་རང་བཞིན་བཅོས་མིན་གྱིས་ཆོས་ཉམས་ལེན་ལ་འཇུག   །རིན་པོ་ཆེའི་དགེ་ཕྲུག་དང་ཞབས་ཕྱི་རྣམས་ཀྱིས་ཕར་ཕེབས་ཐོན་སྐབས་ཁང་མིག་ཚང་མ་ཞིབ་ཚགས་པོའི་ངང་གཙང་ཞིང་ཡིད་དུ་འོང་བར་བྱས་པ་དང་།  ཁང་མིག་རེའི་ནང་དུ་སྤོས་དང་ཁ་བཏགས་རེ་རྟེན་འབྲེལ་མཚོན་བྱེད་དུ་བཞག་པ་ནི་ཁོང་རྣམ་པས་བདག་ལ་སྦྱིན་པའི་བསླབ་བྱ་གཞན་ཞིག་གོ   
ཉིན་མཐའ་མའི་སྐབས།  མཚམས་དེར་རླངས་འཁོར་གཅིག་གི་ནང་དུ་མ་ཤོང་བར་བརྟེན་ངའི་རླངས་འཁོར་གྱིས་ཁོང་རྣམ་པ་བྷེང་ལོར་གནམ་ཐང་བར་དུ་ཕེབས་སྐྱེལ་ཞུས།    དེ་ནི་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ཞིག་གི་འགྲུལ་བཞུད་དེ་ཁོང་རྣམ་པས་ཕྱི་ཉིན་སྔ་པོར་ཧུབ་ལིའི་གནམ་གྲུ་རྗེས་ཟིན་ཆེད་གནམ་ཐང་ཉེ་འགྲམ་ཞིག་ཏུ་དགོང་མོར་ཞག་བཞུགས་མཛད།  འགྲོ་ལམ་འབར་འབུར་ཅན་ཡིན་པས་མཐོ་སློབ་ཀྱི་ཁ་ལོ་ཟླ་བ་ནས་ཇི་ལྟར་གཟབ་ཀྱང་ཕྱིའི་སྐུ་གཟུགས་ཧ་ཅང་ཞན་པའི་རིན་པོ་ཆེ་ཁོང་སྐུ་མཉེལ་པོ་མི་ཡོང་སླད་རླངས་འཁོར་མགྱོགས་ཚད་ངེས་ཅན་ཞིག་རྒྱུན་བསྲིང་ནས་གཏང་གལ་ཆེར་བཤད།    བྷེང་ལོར་གནམ་ཐང་ཉེ་འགྲམ་མགྲོན་ཁང་དུ་འབྱོར་སྐབས་དགེ་བཤེས་རྒྱལ་བསྟན་བཟང་པོ་ལགས་ནས་རིན་པོ་ཆེ་ཆིབས་འཁོར་གྱི་མདུན་དུ་བཞུགས་མུས་ལ་རིན་པོ་ཆེའི་ཕྱག་ནས་བཟུང་ཞིང་བསྐུ་མཉེ་བྱེད།    རིན་པོ་ཆེ་རྒས་པས་སྤྱན་ནས་ལྷུང་བའི་མཁུར་ཚོས་སྟེང་གི་གཞའ་ཚན་ཐིགས་པ་གཅིག་དང་རིན་པོ་ཆེ་ནང་དུ་ཕེབས་པར་ཤུགས་སྣོན་རྒྱག་པའི་སྔ་རོལ་དབུགས་རིང་ཞིག་བླངས།    གོང་གི་དེ་དག་ནི་ངས་ནམ་ཡང་བརྗེད་མི་སྲིད།  ཁོང་རྣམ་པས་རིན་པོ་ཆེ་སྐུ་ངལ་གསོ་ཆེད་འཕྲེད་ཉལ་དུ་བཞུགས་སུ་བཅུག   །ཕྲན་ནས་ཁ་བཏགས་དང་རིན་པོ་ཆེ་མགྱོགས་མྱུར་སླར་ཡང་མཇལ་བའི་སྨོན་ལམ་དང་བཅས་ཐོན་མཇལ་ཞུ་སྐབས་ཕྲན་རང་གི་མིག་ནས་མིག་ཆུ་འགོག་མེད་དུ་བབས། 
རང་ལོ་ ༡༠ ཙམ་ཡང་མ་སོན་སྐབས་རང་ཉིད་གཅིག་པུ་རྒྱ་གར་དུ་འབྱོར་བའི་རིན་པོ་ཆེའི་ས་ཁུལ་ནས་ཡིན་པའི་གཙུག་ལག་རབ་འབྱམས་པའི་སློབ་མ་ཕུན་ཚོགས་དོན་གྲུབ་དང་ལྷན་དུ་མཐོ་སློབ་ཏུ་ཕྱིར་ལོག་གི་ལམ་བར་བདག་ལ་བསླབ་བྱ་གཞན་གཅིག་ཐོབ།   དེ་ཡི་རིན་པོ་ཆེའི་ཕྱིར་ཐོན་ཐད་ནས་ང་བས་ཁོང་སེམས་སྡུག་ཆེ་བ་བྱུང་ཡོད་མོད།  ཁོང་གི་མིག་སྐམ་པོ་དང་བཀག་སྐྱིལ་དྭངས་ལེན་དག་གིས་ངའི་མིག་ཆུ་དེ་མ་ཉིད་དུ་བསྐམས་པར་བྱས།    དེ་ནི་བཙན་བྱོལ་དུ་སྤུན་མཆེད་གཞན་གཏན་ནས་མེད་ལ་རང་ཉིད་གཅིག་པུས་སམ་གྲྭ་བཙུན་གྱི་ཨ་ཁུ་ཨ་ནེ་ཚོའི་ལྷན་དུ་ས་མཚམས་བརྒལ་ནས་ཡོང་བའི་ན་གཞོན་དཔའ་ངར་ཅན་གྱི་ཏཱ་ལའི་བླ་མའི་སློབ་ཕྲུག་༡༢༠ ས་ནས་ཐོབ་པའི་བསླབ་བྱ་ཞིག་གོ   །ལམ་སང་ངས་ཁོང་ཚོའི་སྙིང་སྟོབས་དང་ནང་མིར་བཅངས་པའི་དུང་སེམས་ཤེས་ཚོར་ཐུབ།   ང་ཚོའི་མཐོ་སློབ་ཆགས་སའི་མཱ་སོར་རྒྱ་ལམ་ཐོག་འགྲུལ་བསྐྱོད་བྱེད་སྐབས་མི་ཊར་འགའ་རེ་འགའ་རེའི་མཚམས་ན་ཕལ་ཆེར་མི་ཚད་མ་ཡིན་པ་ཆེས་བཀྲག་མདངས་ཅན་གྱི་སོབ་ཀྱིས་བརྒྱངས་པའི་དོམ་གཟུགས་རྩེད་ཆས་ཐལ་བས་ཁེངས་པ་བཙོང་བ་མཐོང།   ཉིན་གཅིག་ངས་འགྲུལ་རོགས་སློབ་ཕྲུག་ཞིག་ལ་དེ་དག་སུས་ཉོ་གི་ཡོད་ན་ཞེས་ཧང་སང་སྟེ་དྲིས་པར།    རྒན་ལགས་ང་ཚོའི་སློབ་ཕྲུག་ཚོས་ཞེས་དེ་མ་ཉིད་དུ་ལན་བྱས། 
ཕྱི་ཟླ་ ༡༢ ཚེས་  ཏེ་འབྲས་སྤུངས་བློ་གསལ་གླིང་དུ་བདེར་ཕེབས་རྗེས་ཀྱི་དུས་ཐུང་ཞིག་ལ་ཁོང་རྣམ་པས་རིན་པོ་ཆེ་དང་མཚན་སྙན་ཆེ་བའི་མཁས་གྲུབ་གཉིས་ལྡན་གྱི་དགེ་བཤེས་དཔལ་ལྡན་གྲགས་པ་མཆོག་གཉིས་ལྷན་དུ་སྐུ་དཔར་སོགས་སྐུ་དཔར་རྙིང་པ་རྣམས་སྲ་སྦྱོར་ལས་བཟོས་པའི་གཟུགས་མཐོང་བརྙན་པར་གཅིག་བདག་ལ་བསྐུར།    རིན་པོ་ཆེ་དཀར་མཛེས་མི་ཚན་དང་དགེ་བཤེས་དཔལ་ལྡན་གྲགས་པ་མཆོག་བྲག་མགོ་མི་ཚན་ཡིན་པ་ལས་ཁོང་གཉིས་ཀ་འབྲས་སྤུངས་བློ་གསལ་གླིང་ཏྲེ་ཧོར་ཁང་ཚན་ནས་རེད།   ཁོང་རྣམ་པས་བརྩེ་བ་ཆེན་པོས་ཉེ་ཆར་མཐོ་སློབ་ཏུ་བསྐྱོན་པའི་སྐུ་དཔར་དག་ཀྱང་དེར་བཅུག་འདུག་པས་བདག་ལ་སླར་ཡང་མིག་ཆུ་འཁོར་རྐྱེན་བྱས།    རིན་པོ་ཆེ་འབྲས་སྤུངས་བློ་གསལ་གླིང་དུ་བདེ་པོའི་ངང་ཕེབས་འབྱོར་བྱུང་བར་ཕྲན་རང་ཤིན་ཏུ་ནས་དགའ་ཚོར་བསྐྱེད་མོད།    ཆེས་གཞི་རྩའམ་རྨང་གཞི་ཅན་གྱི་སངས་རྒྱས་ཀྱི་གསུང་མི་རྟག་པ་དེ་ཡང་བདག་ལ་ཤིནཏུ་ནས་དཀའ་ཚེགས་ཅན་ཡིན་པ་ངོས་ལེན་མ་བྱེད་ཀ་མེད་དོ།   །ངའི་བསམ་པར་ག་ཏེ་ག་ཏེ་པཱ་ར་ག་ཏེ་པཱ་ར་སཾ་ག་ཏེ་བོདྷི་སྭཱཧཱ་ཡི་ལམ་ཐོག་ད་དུང་བགྲོད་རྒྱུའི་འདི་འདྲ་མང་བ་ལ་དྲན།  
འདི་ལྟར་དུས་འདས་ཤིང་ཕྲན་ནས་རིན་པོ་ཆེའི་དགེ་ཕྲུག་དང་རྒྱུན་འབྲེལ་དུ་གནས།    ཁོང་རྣམ་པས་རིན་པོ་ཆེས་རང་ཉིད་ཀྱི་གཟིམས་ཤག་ཏུ་སྒོམ་བསྐྱོན་པར་དུས་ཚོད་མང་དུ་བཏང་གནང་གི་ཡོད་པ་དང་།    མ་ཟད་ཁོང་གི་ཞབས་ལ་ཆུ་ཅུང་ཟད་བསགས་པ་དང་། དེ་བཞིན་སྐབས་གཅིག་ལ་གཅིན་འདྲེན་སྦུབས་ཅན་དགོས་པ་སོགས་ཀྱི་དཀའ་ངལ་ཅུང་ཟད་མཆིས།   རིམ་བཞིན་སྐུ་ཤ་ཡང་སྐམ་དུ་སོང་འདུག   །དེ་ལྟར་ནའང་ཁོང་ལས་ཆེས་གཞོན་པའི་སྐྱེ་བོ་རང་ག་བ་གཞན་གྱིས་ན་ཚའི་གནས་སྐབས་འདི་འདྲར་ངེས་པར་རག་ལས་ངེས་ཀྱི་སྨན་ཐོ་མང་པོ་དེ་དག་རིན་པོ་ཆེ་ལ་ད་དུང་དགོས་མཁོར་མ་གྱུར།    དགུང་ལོ་ ༩༠ བརྒལ་ཞིང་སྙུང་གཞི་འདི་འདྲ་ཡོད་ཐོག་རིན་པོ་ཆེ་ནས་མངོན་གསལ་ཅན་གྱི་ཕྱི་གཟུགས་པོ་མི་བདེ་བ་ཙམ་ལས་ཞི་འཇམ་མངོན་བཞིན་དུ་ཕ་རོལ་དུ་སོན་པར་གནང་།   བླ་སྨན་པ་ཚེ་བརྟན་ལགས་ནས་ད་ཚོད་རིན་པོ་ཆེའི་ཐད་ཀྱི་ངའི་སེམས་ཚོར་རྣམས་ལེགས་པར་ཤེས་ཏེ་གལ་ཏེ་རིན་པོ་ཆེའི་མཐའ་མར་ལན་གཅིག་མཇལ་འདོད་ན་ངའི་ལོ་སར་ལ་མོན་གྷོར་འགྲོ་འཆར་དེ་སྔ་བསྣུར་བྱེད་ན་ལེགས་ཚུལ་དགོངས་འཆར་གསུངས། 
དེར་བརྟེན་བདག་མོན་གྷོ་འབྲས་སྤུངས་ཆོས་སྒར་  ༢༠༢༢  ཕྱི་ཟླ་    ཚེས་ ༢༨  ཉིན་འབྱོར།   དེའི་ཕྱི་ཉིན་རིན་པོ་ཆེའི་གཟིམས་ཤག་ལ་བཅར།      རིན་པོ་ཆེའི་གཟིམས་ཤག་ནི་བདག་གིས་ཞི་བདེའི་སྣང་བས་ཡོངས་སུ་ཁེངས་པ་ཞིག་ལས་གཞན་འགྲེལ་བརྗོད་མི་ཐུབ།  དེ་ནི་ཟུར་གདོང་གཅིག་ཏུ་ཕྱོགས་མཐའ་ནས་སྦག་སའི་ཆོས་གྲོགས་རྣམས་ཀྱི་བཞུགས་ཤག་གིས་བསྐོར་ལ།  སྟེང་ཐོག་ནས་ཁང་རྒྱབ་ཀྱི་ས་ཞིང་སྟོང་པའི་ཡུལ་ལྗོངས་མཐོང་ཞིང་མེ་ཏོག་དང་བེ་ཏའི་ཤིང་སོགས་ཀྱིས་ལེགས་པར་བརྒྱན་པའི་སྤྲོས་མེད་ཡིན་ཀྱང་ཟླ་མེད་པའི་བྱིན་རླབས་དང་མཛེས་སྡུག་ལྡན་པ་ཞིག་ཏུ་སྣང་།  དེ་ཡང་བྷེང་ལོར་སྨན་བཅོས་མ་ཕེབས་བར་རིན་པོ་ཆེ་ཁང་ཐོག་དེར་འཛེགས་ཏེ་གཟུངས་སྔགས་བཟླས་ཤིང་བྱིའུ་དང་སེམས་ཅན་གཞན་ལ་ཁ་ལག་སྦྱིན་དུ་ཕེབས།   ན་ཚ་འགོ་ཉེན་ལ་འཇིགས་ནས་ངས་བཞུགས་ཤག་ཕྱི་རོལ་སྒེའུ་ཁུང་ནས་རིན་པོ་ཆེར་གུས་ཕྱག་དང་མཇལ་དར་ཕུལ།   རིན་པོ་ཆེའི་ཞབས་ཕྱི་རྣམས་ཀྱིས་བརྩེ་བ་ཆེན་པོས་བདག་ལ་སྣེ་ལེན་གནང་བ་མ་ཟད།      ཉིན་ལྟར་དཔེ་ཆ་སློབ་གཉེར་བྱ་ཡུལ་ཁང་མིག་གཅིག་ཀྱང་གནང་།     རྒན་ཟླ་བ་དངོས་སྒྲུབ་མཆོག་ནས་ཕྲན་ལ་ཇ་སོགས་བཟོ་གནང་ལ།   དགེ་བཤེས་ནམ་མཁའ་ལགས་ནས་ཕྲན་ལ་བློ་གསལ་གླིང་སྨན་ཁང་གི་མགྲོན་ཁང་ནང་བདག་གི་བསམ་ཡུལ་ལས་འདས་པའི་མཐུན་རྐྱེན་ཡོ་བྱད་ཀྱིས་ཁེངས་པ་ཞིག་གྲ་བསྒྲིགས་གནང་འདུག  
ཕྱི་ཟླ་  ཚེས་  ཉིན་དགེ་བཤེས་རྒྱལ་བསྟན་ལགས་ནས་རིན་པོ་ཆེའི་བྱིན་རླབས་བསྔོ་སྨོན་ཆེད་ཕྲན་རང་རིན་པོ་ཆེའི་གཟིམས་ཤག་ཏུ་མཇལ་ཁ་བཏང་གནང་།   རིན་པོ་ཆེ་ད་གཟོད་ཤིན་ཏུ་སྐམ་རིད་ཡིན་ནའང་བདག་ངོ་ཐག་ཆོད།   ནད་ཡམས་ཁྱབ་གདལ་སྐབས་ཀྱི་དུས་དང་རིན་པོ་ཆེའི་སྐུ་གཟུགས་གནས་སྟངས་ཇེ་ཞན་ལ་བརྟེན་རིན་པོ་ཆེའི་མཐའ་མའི་ཐུགས་རེ་ནི་༧གོང་ས་མཆོག་དང་དྲ་ཐོག་ནས་མཇལ་ཁ་གཅིག་འབྱུང་ན་སྙམ་པ་དེ་ཡིན་འདུག  །གཟའ་འཁོར་སྔོན་མར་དེ་ལྟར་སྐལ་བཟང་གི་མཇལ་ཁ་བྱུང་བ་རིན་པོ་ཆེ་ཐུགས་དགོངས་ཡོངས་སུ་ཚིམས་པ་ཁོང་རྣམ་པས་གསུངས།   ཆེས་རྩ་ཆེ་ཞིང་གལ་གནད་ཆེ་བའི་དྲ་ཐོག་མཇལ་ཁ་དེའི་རྗེས་ཐོགས་སུ་རིན་པོ་ཆེ་ནས་བློ་ཡི་འཕེན་པ་བཏང་བ་འདྲ་བའི་ཞལ་ལག་དང་གསོལ་སྨན་མི་བཞེས་རྒྱུ་དབུ་ཚུགས། 
ཕྱི་ཟླ་    ཚེས་    སྟེ་ལོ་སར་ཚེས་  སྔ་དྲོར་བདག་སླར་ཡང་རིན་པོ་ཆེ་མཇལ་རྒྱུའི་སྐལ་བཟང་ཐོབ།   སྐབས་དེར་རིན་པོ་ཆེ་མཆོག་ནས་བདག་གི་མགོ་བོ་ཕྱག་གིས་དམ་པོས་བཟུང་ཚེ་བདག་གིས་གནས་སྐབས་ཀྱི་རྩ་ཆེའི་རང་བཞིན་བློ་ལ་ཤར་བའི་ངང་བདག་བློ་དྭངས་གསལ་དུ་གྱུར།  ཅུང་ལྷོད་གཏམ་ལྟ་བུར་རིན་པོ་ཆེར་ལོ་གསར་གུས་བཏུད་དང་འཚམས་དྲིར་བཅར་བའི་སྦྱིན་བདག་སྦག་སའི་གནས་བརྟན་ཅིག་དང་།    གམ་དུ་ཡོད་པའི་ཁྱིའུ་ཆུང་དེས་རྩ་ཆེན་ཞི་བདེའི་སྒོ་ར་དེའི་ནང་བདག་ཕྱི་མི་ཡིན་པ་ཚོར་ནས་བདག་གཅིག་པུར་ཡོང་ཐེངས་རེར་དེ་འདྲོག་ཅིང་རྩོལ་ཤུགས་ཆེན་པོས་བདག་ལ་ཟུག་པར་བྱས།   ཁྱི་དེས་བདག་ཐབ་ཚང་དུ་སྡོད་སྐབས་དྲི་སྣོམ་ཚེ་བདག་སྣང་མེད་ལྟ་བུ་དང་ཁུ་སིམ་སྡོད།འོན་ཀྱང་རྗེས་ཐོགས་ཕྱི་ཉིན་རྣམས་སུ་བདག་གཅིག་པུ་སྒོ་རྭ་བརྒལ་ནས་ཡོང་སྐབས་སླར་ཡང་ཟུག་འགོ་བཙུགས།    བདག་རང་ཉིད་བགད་ཅིང་ཁྱི་འདིས་ཀྱང་ཕྱི་མི་ངོ་ཐག་ཆོད་པའི་ཤེས་རབ་རྣོན་པོ་སྟོན་པར་བྱས་སྙམ།  
ཕྱི་ཟླ་  ཚེས་  ཉིན་ངས་རིན་པོ་ཆེ་དབུགས་འབྱིན་རྔུབ་ལ་དཀའ་ངལ་ཡོད་པར་བརྟེན་རིན་པོ་ཆེའི་ཞབས་ཕྱི་རྣམས་ཀྱིས་སྲོག་རླུང་ལྕགས་མདོང་གྲ་སྒྲིག་བྱས་པར་མཐོང་།   བློ་གསལ་གླིང་སྨན་ཁང་གི་བཅའ་སྡོད་སྨན་པས་སྲོང་རླུང་ལྕགས་མདོང་འདྲ་མིན་སྦྱོར་ཐབས་བྱས་ཀྱང་རིན་པོ་ཆེའི་སྲོང་རླུང་གནས་ཚད་ལ་ཁྱད་པར་ཅང་མ་འགྲོ་བར་ཉིན་འདི་འདས།   སྨན་པས་རིན་པོ་ཆེའི་དགེ་ཕྲུག་དང་ཞབས་ཕྱི་རྣམས་ལ་འགོག་ཏུ་མེད་པའི་འབྱུང་བ་དག་ལ་དྭངས་ལེན་བྱ་དགོས་གལ་གསུངས།    དེའི་དགོང་དྲོར་བདག་རིན་པོ་ཆེའི་གཟིམས་ཤག་ནས་སྙིང་ཆེས་ལྕི་བོའི་ངང་ཉེ་འཁྲིས་རང་དུ་ཡོད་པའི་དཔལ་རྡོ་རྗེ་འཇིགས་བྱེད་དང་དཔལ་ལྡན་ལྷ་མོ་སོགས་འབྲས་སྤུངས་བློ་གསལ་གླིང་གི་སྲུང་མ་ཁང་དུ་སོང་སྟེ་སླད་མའི་འབྱུང་འགྱུར་ཇི་ལྟར་ཡང་ཆོས་སྐྱོང་སྲུང་མ་དག་གིས་རིན་པོ་ཆེར་གཏན་གྱི་མདུན་མ་བསྒྲུབས་པའི་སྡོང་གྲོགས་མཛོད་ཅིག་ཅེས་སྨོན་ལམ་དང་བཅས་ཁོང་གིས་བདག་ལ་སྩལ་བའི་ཁ་བཏགས་གཅིག་ཕུལ།

ཕྱི་ཟླ་  ཚེས་  སྔ་དྲོར་བདག་བློ་གསལ་གླིང་སྨན་ཁང་ནས་རིན་པོ་ཆེའི་ཤག་ཏུ་བསྐྱོད་པའི་ལམ་ཁར་བདག་གིས་རྒྱབ་ཏུ་སྲོག་རླུང་ལྕགས་མདོང་ཡོད་པའི་རླངས་འཁོར་ཆུང་ངུ་ཞིག་འགྲོ་བར་མཐོང་ཚེ་ངས་ཅི་ཞིག་མཚོན་པར་བསམ་ཞིང་། རིན་པོ་ཆེའི་གཟིམས་ཤག་ཏུ་མགྱོགས་མྱུར་སླེབས་ཆེད་ངའི་གོམ་སྟབས་མགྱོགས་སུ་བཏང་བས་ངའི་སྙིང་ལྷག་པར་གཡུགས་རྒྱུག་བྱས།   ལམ་ཁར་དགེ་བཤེས་ནམ་མཁའ་ལགས་མཇལ་བས་ཁོང་གི་རྣམ་འགྱུར་གྱིས་ངའི་དྭོགས་གནས་བདེན་པར་གཙང་ཐག་བཅད།    ༢༠༢༢ ཕྱི་ཟླ་  ཚེས་  ཞོགས་པ་སྔ་པོ་སྟེ་བདག་གིས་རིན་པོ་ཆེ་ཐོག་མར་མཇལ་ནས་ཟླ་བ་ལྔ་ཏག་ཏག་ལ་ཁོང་ནས་མི་རྟག་པ་ཆེས་གཞི་རྩའི་རང་བཞིན་དུ་སྟོན་ཕྱིར་སྐུ་ཚེ་འཕེན་པ་བཏང་བར་མཛད།   རིན་པོ་ཆེ་ནས་ཁོང་གི་སྐུ་ཚེ་མཐའ་མཇུག་བར་རང་ལས་གཞན་གཅེས་པར་འཛིན་པ་གནང་།   ལོ་སར་རྗེས་ཀྱི་ཉིན་གསུམ་ནི་དགེ་འདུན་པ་ཚོར་ཆེས་སྤྲོ་སྐྱིད་ལྡན་པའི་གུང་སེང་ཆེན་པོ་ཡིན་ལ་རིན་པོ་ཆེ་དུས་དེ་འདའ་རྗེས་སུ་ཞིང་གཤེགས་པ་ནི་ངོ་མཚར་ཆེ་ཞེས་བདག་གིས་དེ་ལྟར་ཐོས་སོ།  
ཉིན་ལྷག་འཕྲོ་རྣམས་སུ་སེམས་པ་ལང་ལིང་ཆེས་མི་གསལ་ངང་འདས།   རིན་པོ་ཆེའི་དགེ་ཕྲུག་དང་ཞབས་ཕྱི་རྣམས་ཀྱི་ཁོང་རྣམ་པའི་མི་ཚེའི་ནང་གི་གལ་གནད་ཆེ་ཤོས་ཀྱི་དུས་སྐབས་ཀྱི་གཤིས་སྤྱོད་ཀྱི་བརྒྱུད་བདག་ལ་ཤུགས་ཀྱིས་བསླབ་བྱ་འཕར་མ་གཅིག་སྦྱིན།   ཁོང་རྣམ་པ་འགའ་རེས་ཞལ་འདོན་གནང་སྟེ་མཚན་འདས་པར་བྱས།    མིག་སོགས་ཡིད་སྐྱོའི་རྣམ་འགྱུར་གྱིས་ཁེངས་མོད།  ཁོང་རྣམ་པས་གཅིག་ཏུ་སེམས་ཞི་བའི་བཏང་སྙོམ་ངང་ནས་ཚད་མ་རྣམའགྲེལ། དབུ་མ་འཇུག་པ།    མངོན་རྟོགས་རྒྱན་སོགས་བར་མ་ཆད་ངང་གཞུང་ཆེན་རྩ་བ་སྐྱོར་བཟླའི་ཆེད་རིན་པོ་ཆེའི་གཟིམས་ཤག་མཛེས་ཤིང་ཆེས་བཀྲ་ལ་འོད་ཆེམ་ཆེམ་གྱི་བསྟར་ཕྲེང་སྒྲིག་པའི་གློག་མཆོད་རྣམས་སྒྲིག་ཤོམ་སོགས་ཀྱི་གྲ་སྒྲིག་སྦྱོར་བ་ལ་བརྩོན། 
གྲྭ་ཚང་ཁང་ཚན་མི་ཚན་ཁག་ཏུ་དེ་བས་ཆེས་འདུ་ཚོགས་ཆེ་བའི་འཕགས་པའི་དགེ་འདུན་རྣམས་ལ་ཞིང་གཤེགས་དམ་པ་རིན་པོ་ཆེའི་བཀྲིན་རྗེས་དྲན་ཆེད་བསྙེན་བཀུར་དང་སྦྲགས་གཞུང་ཆེན་འདི་དག་གི་རྩ་བ་སྐྱོར་སྦྱོང་གནང་།     ཁོང་དཔལ་ལྡན་སྨད་རྒྱུད་གྲྭ་ཚང་གི་བཀའ་དྲིན་ཆེ་བའི་མཁན་ཟུར་རྩ་ཆེན་ཞིག་ཡིན་པས་བཀའ་དྲིན་རྗེས་དྲན་དང་གུས་བཀུར་ཆེ་མཐོང་མཚོན་བྱེད་མགྱོགས་མྱུར་རྒྱུད་སྨད་དགེ་འདུན་ཚོགས་ཁག་གཅིག་དཔལ་རི་བོ་དགེ་ལུགས་པའི་བླ་མེད་རྒྱུད་ཀྱི་ཡི་དམ་གཙོ་བོ་གསུམ་སྟེ་གསང་བདེ་འཇིགས་གསུམ་གྱི་བདག་འཇུག་སྨོན་ལམ་སོགས་གནང་བར་ཕེབས་ཀྱིན་ཡོད་འདུག   །རིན་པོ་ཆེར་སྔགས་བརྗོད་འོས་ཤིང་དཔེ་ཟླ་བྲལ་བའི་སྐུ་ཚེ་ལ་གུས་བཀུར་རྗེས་དྲན་སྲུང་བརྩིའི་མཉམ་ཞུགས་པ་ཁྲོད་བདག་ནི་དགེ་འདུན་དང་བོད་པ་མིན་ཞིང་བུད་མེད་གཅིག་པུ་བ་དེ་ཡིན་འདུག་ན།    བདག་ནས་གུས་བརྩི་ཆེན་པོས་རིན་པོ་ཆེའི་དགེ་ཕྲུག་དང་ཞབས་ཕྱི་རྣམས་ལ་རྗེས་དྲན་མཛད་སྒོ་དེ་དག་ལ་བདག་ཅུང་ཟད་ཐ་དད་པའི་ཚུལ་གྱིས་མཉམ་ཞུགས་གནང་ན་འགྲིག་མིན་ཞུས།    བདག་གིས་བརྗེད་ཐབས་བྲལ་བའི་བཀའ་དྲིན་ཞིག་སྟེ་ཁོང་རྣམ་པས་ཆེས་དགའ་ཉེའི་རང་ཉིད་ཀྱི་ཕུལ་བྱུང་དགེ་བའི་བཤེས་གཉེན་དམ་པའི་མཐའ་མའི་ཆོ་ག་ལ་སྙིང་ཐག་པ་ནས་དགའ་བསུ་དང་བཅས་བདག་མཉམ་ཞུགས་འཐུས་པ་གནང་བ་དེའོ།   །བོད་མི་གཙོས་མི་མང་ཆེ་བ་ལྟར་ངས་དེ་སྔོན་སྐྱེས་ཆེན་དམ་པ་དེ་འདྲ་དགོངས་པ་རྫོགས་པ་ཉེ་འཁྲིས་ནས་དངོས་སུ་མཇལ་མ་མྱོང་བས་གོ་སྐབས་དེ་བདག་ལ་ཉམས་མྱོང་དང་བསླབ་བྱ་འཕར་མ་གཞན་ཞིག་ཏུ་གྱུར།  ཕྱི་ཟླ་  ཚེས་  གྱི་དགོང་དྲོར་ངའི་པ་ལགས་སྨན་ཁང་གི་ཛ་དྲག་ལྟ་སྐྱོང་ཁང་ནང་དུ་འཇུག་ཉལ་བགྱིས་པའི་གནས་ཚུལ་འབྱོར་བས།    དགེ་བཤེས་རྒྱལ་བསྟན་བཟང་པོ་ལགས་དང་རྒན་འཇམ་དཔལ་གཉིས་ཀས་ནན་སྐུལ་གྱིས་བདག་ངེས་པར་ནང་དུ་ཕྱིར་སློག་སྟེ་ཕ་མའི་རོགས་པར་ཉེ་འཁྲིས་སྡོད་དགོས་པ་དང་།    རིན་པོ་ཆེ་ནས་ཕ་མའི་ཞབས་འདེབས་ནི་ཆོས་ཀྱི་ཉམས་ལེན་མཆོག་ཡིན་པར་གསུངས་པས་རིན་པོ་ཆེས་ཀྱང་དེ་ལྟར་གནང་བ་ཐུགས་འདོད་ཡོད་རེད་ཅེས་གསུངས།   དགེ་བཤེས་རྒྱལ་བསྟན་བཟང་པོ་ལགས་ནས་འདི་ལྟར་ཨ་མ་ཞིག་གིས་ནང་དུ་ཕྱིར་ལོག་ཤོག་ཅེས་གཏན་ནས་མི་གསུང་ནའང་སྐབས་འདིར་ཁྱེད་ནང་དུ་ཡོད་ན་ཨ་མ་ལ་སེམས་གསོ་བློ་བདེར་ཆེས་ཁྱད་པར་ཡོད་ཅེས་བརྗེད་དུ་མེད་པའི་བཀའ་མོལ་ཞིག་གསུངས།  དེར་བརྟེན་ངས་ཕྱི་ཉིན་སྔ་དྲོར་ལྡི་ལི་གནམ་གྲུར་བསྐྱོད་རྒྱུའི་འཛིན་བྱང་ལག་འཁྱེར་བཏང་།    སང་ཞོགས་རིན་པོ་ཆེའི་དགོངས་རྫོགས་སྔགས་ཀྱི་ཆོ་ག་འགོ་འཛུགས་སར་གུས་བཏུད་དང་བསྙེན་བཀུར་མཆོད་འབུལ་ཅུང་ཟད་བྱས་རྗེས་དགེ་བཤེས་རྒྱལ་བསྟན་བཟང་པོ་ལགས་ནས་སྐྱེལ་མ་དང་།  རྒན་འཇམ་དཔལ་འཕྲིན་ལས་ལགས་ཧུབ་ལི་གནམ་ཐང་བར་དུ་བདག་གི་རོགས་པར་ཕེབས། 
དེའི་ཕྱི་ཉིན་ཕྱི་ཟླ་  ཚེས་  ཉིན་རིན་པོ་ཆེའི་གཟིམས་ཤག་ནས་སྐུ་གདུང་ཞུགས་འབུལ་གཏང་ཡུལ་བར་དགེ་འདུན་པ་རྣམས་ཀྱིས་སེར་སྦྲེང་གིས་བསུས་ཤིང་། སྐུ་གདུང་ཞུགས་འབུལ་གྱི་ཆོ་ག་ཟབ་རྒྱས་ཕུན་སུམ་ཚོགས་པ་སོགས་ཀྱིས་གུས་བརྩི་ཆེ་མཐོང་ཡོངས་སུ་རྫོགས་པའི་ངང་ནས་སྐུ་གདུང་ཞུགས་འབུལ་མཛད།      གནས་དེ་རྗེས་སོར་མཆོད་གློག་སྒྲོན་མེས་བརྒྱན་ཅིང་ཆེས་གསལ་བར་བྱས་ལ།   ཕྱི་ཉིན་རྣམས་སུ་དེར་དགོངས་རྫོགས་སྨོན་ལམ་ཞལ་འདོན་གནང་།    ང་ལྡི་ལི་སྨན་ཁང་དུ་པ་ལགས་དང་མཉམ་དུ་སྡོད་ཁར་བདག་དེ་དག་གི་བརྙན་ཐུང་དང་དཔར་སོགས་འབྱོར་བས་ཕྲན་རང་གི་ཆ་ཤས་ཤིག་མོན་གྷོ་རུ་ཡོད་པ་ལྟ་བུར་ཚོར།     ཕྲན་རང་ནས་ཆེས་སྦས་པའི་རང་བཞིན་ཅན་གྱི་ལས་ཀྱི་འབྲེལ་བ་དང་མི་རྟག་པའི་ཐོག་ལའང་བསམ་བློ་འཁོར།

ཕྱི་ཟླ་  ཚེས་ ༡༧ ཉིན་རིན་པོ་ཆེའི་དགོངས་རྫོགས་སྨོན་ལམ་ཞལ་འདོན་མཐའ་མ་སྟེ་དེ་ནི་བདག་ལ་མཐའ་མའི་བསླབ་བྱར་གྱུར།    དེ་སྔོན་ང་སིང་ག་པུར་དུ་ལྷ་ཁང་ཞིག་གི་ནང་དོ་བརྟན་ཆེན་པོས་དྭངས་གསལ་ཤེལ་བུམ་ནང་དུ་འགྲེམས་སྟོན་བྱས་པའི་ཚོན་དབྱིབས་སྣ་ཚོགས་ཅན་གྱི་རིང་བསྲེལ་རྣམས་མཇལ་དུས་ཚིག་ཏུ་མ་བརྗོད་ཀྱང་མ་རབས་བསམ་པས་བདག་གི་བློ་ངོ་ལ་གཟུགས་ཕུང་ཞིག་ཇི་ལྟར་སྐྱོན་གྱིས་མ་བསླད་ཀྱང་དེ་འདྲ་ཕྲེང་རྡོག་ལྟ་བུ་ཞིག་མཇལ་རྒྱུ་ག་ལ་ཡོད་སྲིད་སྙམ།     རིན་པོ་ཆེའི་སྐུ་གདུང་ཞུགས་འབུལ་སར་ནས་དཀར་ལ་ཟླུམ་རིལ་གྱི་མ་ཎི་རིལ་བུ་ལྟ་བུའི་རིང་བསྲེལ་ཆེས་མང་པོ་དང་།    དེ་འདྲའི་ཆེས་འབེལ་པོའི་རང་བཞིན་དང་རིན་པོ་ཆེའི་གཟིམས་ཤག་ཏུའང་ཡོད་པ་ལགས་ན་ངས་འདི་འདྲ་གཏན་གཏན་ཡོང་སྲིད་པར་ངོས་ལེན་ཞུས་དགོས་པར་གྱུར།  གང་ལགས་ཤེ་ན་རིན་པོ་ཆེ་ངས་དངོས་སུ་མཇལ་མྱོང་བ་དང་། མ་ཟད་རིན་པོ་ཆེའི་རིང་བསྲེལ་དངོས་སུ་མཇལ་བས་སོ།    བདག་གི་རིན་པོ་ཆེའི་དགེ་ཕྲུག་བགྲེས་ཤོས་དགེ་བཤེས་གྲགས་པ་ཤེས་རབ་མཆོག་ལ་རྩོམ་འདི་འབྲི་ཆོག་པའི་གནང་བ་ཞུས་པར་ཁོང་གིས་ངས་འདི་ལྟར་གནང་བ་ཞུ་མི་དགོས་པར་གང་འདོད་འབྲི་ན་ཆོག་ཅེས་གསུངས།  སྦག་སའི་དུས་སྐབས་ནས་ཡིན་པའི་འདི་འདྲའི་རྗེ་བཙུན་བླ་མ་གཅིག་དང་མཇལ་འཕྲད་དམ་ཉེ་འཁྲིས་ནས་གཤིབ་རྒྱུའི་སྐལ་བཟང་མ་བྱུང་བའི་བོད་པ་དང་།  བོད་པ་མིན་པའི་མི་གཞན་དག་གིས་བདག་གི་བརྗེད་དུ་མེད་པའི་སྐལ་བཟང་གི་ཉམས་མྱོང་དེ་ཚོ་བཀླགས་ནས་སྙེ་སྒྲུག་རྒྱག་པ་ལྟར་གྱི་བློ་བསྐྱེད་འགའ་ཡོང་རེའི་ཀུན་སློང་གིས་བྲིས་པ་ཡིན།   བདག་གི་ཉམས་མྱོང་ཐོག་ནས་བཤད་ན་བོད་པ་ཚོས་རྒྱུན་འཛིན་བྱས་པའི་ཐུབ་པ་སངས་རྒྱས་བཅོམ་ལྡན་འདས་ནས་བར་མ་ཆད་གྱི་རྒྱུན་དང་ལྡན་པའི་ནཱ་ལནྡཱའི་ཆོས་བརྒྱུད་ཁོ་ནའི་ཁྲོད་དུ་ད་དུང་ཡང་འདི་ལྟ་བུའི་དགེ་བའི་བཤེས་གཉེན་ཆེན་པོ་དག་བཞུགས་པར་སྣང་།   ཁོང་རྣམ་པ་ལྷོ་ཕྱོགས་གདན་ས་ཆོས་གྲྭ་ཁག་ཏུ་ཁུ་སིམ་བུར་བཞུགས་ཡོད་པས་མོན་གྷོ་དང་བྷེལ་ཀོབ་སོགས་བོད་པའི་གཞིས་ཆགས་པ་རྣམས་ཀྱིས་མི་ཉམས་རྒྱུན་འཛིིན་ཡོང་བར་ཤིན་ཏུ་ནས་རྩ་ཆེན་ཡིན་ནོ།    །ཁོང་རྣམ་པའི་ཁྲོད་ནས་གཅིག་ཙམ་མཇལ་བས་དེ་མ་ཉིད་དུ་བསྟན་འཛིན་ཞེས་པའི་མིང་དོན་ལ་ཚོར་བ་དང་གོ་རྟོགས་སྦྱིན་པར་བྱས།    དེ་འདྲའི་སྐྱེ་བོ་དམ་པ་ཞིག་མཇལ་ཏེ་འབྲེལ་གཏུགས་མཉམ་གཤིབ་ཀྱི་གོ་སྐབས་ནི་དོ་ཟླ་བྲལ་བ་ཞིག་ཡིན་པས་དེ་འདྲའི་གོ་སྐབས་ཐོབ་ཚེ་གཏན་ནས་མ་ཤོར་བར་གྱིས་ཤིག་ཚང་མར་ནན་སྐུལ་ཞུའོ།། 
རྩོམ་ཡིག་འདིའི་ནང་གི་ནོར་འཁྲུལ་ཐམས་ཅད་བདག་གི་ཁོ་ནའི་ཡིན་པ་དང་།   རྒྱུད་སྨད་མཁན་ཟུར་རིན་པོ་ཆེ་རྗེ་བཙུན་མཐུ་སྟོབས་མགོན་པོ་མཆོག་གི་སྐུ་ཚེ་མཐའ་མཇུག་ཏུ་བདག་གི་དུས་ཐུང་ཡང་དོན་སྙིང་ཆེ་བའི་ཁོང་དང་མཇལ་འཕྲད་ལས་བདག་ལ་ཇི་བྱུང་རྣམས་ཆ་ཕྲ་མོ་ཙམ་ཡང་ནོར་ཉེས་ཤོར་བའམ་ཚིག་གིས་བརྗོད་མ་ཐུབ་པ་རྣམས་ལ་བདག་གིས་སྙིང་ཐག་པ་ནས་དགོངས་སེལ་ཞུ།  དགེ་གསོག་འདི་དག་ལ་བརྟེན་ནས་འགྲོ་བ་སེམས་ཅན་ཐམས་ཅད་ཐེག་ཆེན་གྱི་ཆོས་དང་དེ་ལྟ་བུའི་དགེ་བའི་བཤེས་གཉེན་དང་འཕྲད་པར་བདག་གིས་བསྔོ་ལ།  མ་ཟད་བདག་ཀྱང་ཚེ་འདིའི་དགེ་ཕྲུག་དང་ཞབས་ཕྱི་རྣམས་དང་ལྷན་དུ་ཚེ་རབས་རྗེས་མ་རྣམས་སུ་རིན་པོ་ཆེའི་མདུན་དུ་རབ་བྱུང་དགེ་ཕྲུག་ཅིག་ཏུ་འགྱུར་བ་དང་།   བདག་གི་སྐྱོན་ཞན་ཆ་རྣམས་ལ་དགོངས་སེལ་སྟེང་ཁོང་གིས་དངོས་ཤུགས་ཅི་རུང་དུ་གཏོང་ཕོད་ཆེན་པོས་གནང་བའི་ཆོས་ཀྱི་ལམ་སྟོན་བསླབ་བྱ་རྣམས་ཆ་ཅུང་ཟད་ཅིག་ལས་མ་བྱུང་ནའང་ཉམས་ལེན་རྒྱུན་འཛིན་ཐུབ་པའི་ཤེས་རབ་དང་སྤོབས་པ་གནང་བར་མཛོད།  མཐར་དོན་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་ཚེ་ཡུན་དུ་བརྟན་ཅིང་ཆོས་དོན་གཉེར་ཅན་ཐམས་ཅད་ཁོང་དང་མཇལ་བའི་སྐལ་བ་དང་ལྡན་པར་ཤོག་ཅིག།    །། མཇུག་བྱང་། ༢༠༢༢  ཕྱི་ཟླ་    ཚེས་ ༡༦  ཆུ་སྟག་ལོ་གཟའ་ཟླ་བ་སྟེ་སངས་རྒྱས་ཡོངས་སུ་མྱ་ངན་འདས་པའི་དུས་ཁྱད་པར་ཅན་ཉིན་ལྡི་ལིར་མཇུག་རྫོགས་པར་བྲིས།།   སརྦ་མངྒ་ལཾ།།      བོད་སྒྱུར་བ།  བློ་གླིང་རྒྱལ་རོང་དགེ་བཤེས་ཡེ་ཤེས་ཆོས་འགྲུབ།